e-texts navigator
Collection
Volume
Page
Wylie

474b1 པ་དང་།།འདོད་པའི་ཁམས་ཀྱི་དབང་ཕྱུག་མཆོག།གཅིག་གི་མིང་ནི་བརྒྱ་བྱིན་སོགས།།དེ་བཞིན་འདོད་ཁམས་དབང་ཕྱུག་ཡིན།།དེ་ཡང་རྟག་ཏུ་གཅིག་གནས་ཏེ།།རྫུ་འཕྲུལ་ཆེན་པོ་གཅིག་ག
474b2 གཟུགས།།དེ་ཡང་མཐའ་ཡས་དག་ཏུ་བསྟན།།རྣམ་པ་སྣ་ཚོགས་གཟུགས་འཚོང་ལྷ།།དེ་ལྟས་གང་དུ་ཐམས་ཅད་མཉམ།།དེ་ཡིད་ཐམས་ཅད་རྫུ་འཕྲུལ་ཆེ།།ལྷ་ཡི་གཙོ་བོ་མིང་གཅོག་སྟེ།།འདུ་ཤེས་མེད་པ
474b3 མཐའ་ཡང་བསྟན།།དེ་དག་གཙོ་བོ་མེད་པ་སྟེ།།མཉམ་པའི་ཚུལ་དུ་ཡང་དག་གནས།།འོག་ཏུ་མནོར་མེད་མཐར་ཐུག་པར།།དེར་ནི་རྒྱལ་པོ་ཡིད་མ་ཡིན།།འཇམ་དཔལ་དེ་ལྟ་བས་ན།དེ་ལྟར་ཕྱེ་མའི་ཚེ
474b4 ཕྱི་མའི་དུས་རིགས་ཀྱི་བུའམ།རིགས་ཀྱི་བུ་མོ་གང་ལ་ལས་དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་མཛོད་འདི་གླེགས་བམ་དུ་ཆུད་པར་བྱས་ཏེ་འདྲི་བར་འགྱུར།ཀློག་པར་འགྱུར།ཁ་ཏོན་དུ་བྱེད་པར
474b5 འགྱུར་བ་འམ།གླེགས་བམ་དུ་བྱས་ཏེ་འཆང་བར་འགྱུར།གུས་པར་བྱས་ཏེ་ཡིད་ལ་བྱས་པར་འགྱུར།གོས་རྣམ་པ་སྣ་ཚོགས་དང་།ཕྱེ་མ་དང་།གདུགས་དང་།རྒྱལ་མཚན་དང་།བཱ་དན་དང་དྲིལ
474b6 བུ་དང་།རོལ་མ་དང་།ཕྲེང་བ་དང་།དྲུག་པ་དང་།སྤོས་དང་།དྲི་དང་།དྲི་ཞིམ་པོ་དག་གིས་མཆོད་པར་བྱེད་པར་འགྱུར།རི་མོར་བྱེད་པར་འགྱུར།ཡང་དག་པར་འཛིན་པར་བྱེད་པར་འགྱུར།ཡིད་རྩེ་གཅིག
474b7 པའི་སེམས་ཀྱིས་ཆོས་བྱེད་པར་འགྱུར་བ་དེ་ལ་ནི་ཕན་ཡོན་བཅུ་པོ་འདི་དག་ཏུ་འགྱུར་ཏེ།བཅུ་གང་ན་མ།དེར་འདི་ལ་ཕ་རོལ་གྱི་དམིག་ཚོགས་ཀྱི་འཇིགས་པ་འབྱུང་བར་མི་འགྱུར།ཆར་འབབ་པ་མི་མཁ




iiif viewer powered by OpenSeadragon

474a - 475a

Texts on this page

N478 - 'phags pa 'jam dpal gyi rtsa ba'i rgyud