e-texts navigator
Collection
Volume
Page
Wylie

474a1 ཀུན་དགའ་ར་བ་གྲ་ནས།།སྟོན་པའི་གཟུགས་བརྙན་ཡིད་འོང་གྲིས།།ས་ནི་རྒྱ་མཚོ་གཉིས་མཐར་ཐུག།ཐམས་ཅད་ཀྱི་ནི་རྒྱུན་ཏུ་བྱས།།དེ་འོག་རྣམ་པར་གྲགས་པ་ནི།།བྲམ་ཟེ་གཙོ་བ
474a2 །ནོར་ཆེན་ལྡན།།དང་པོའི་ཡི་གེ་ན་ཞེས་པ།།ལྷོ་ཡི་ཕྱོགསུ་ཡང་དག་རྟེན།།བདག་ཉིད་ཆེན་པོ་སྔགས་ཟློས་ལྡན།།ངེས་པར་བྱང་ཆུབ་གཞོལ་བར་འགྱུར།།དབུས་ཀྱི་ཡུལ་དུ་བསྟན་པ་ནི།།བྲམ་ཟེ་གང་བ
474a3 བཟང་ཞེས་པ།།འདུལ་བ་དང་ནི་ཚུལ་བཟང་ཉིད།།གླིང་བ་བཅོམ་བརླག་དག་ཏུ་གནས།།དང་ཡིག་བྷེ་ནི་ནོར་གྱི་སྤྱན།།རྒྱལ་པོ་རྣམས་ཀྱི་སྔགས་མཆོད་བྱེད།།བྲམ་ཟེ་འདི་དག་བསྟན་པ་ནི།།སྟོན་པར
474a4 བསྟན་པ་མཆོད་བྱེད་པའོ།།ཐོག་མ་བར་མཐའ་གཙོ་བོ་སྟེ།།རྣམ་པ་སྣ་ཚོགས་གནས་དང་རིགས།།སྣ་ཚོགས་ཕྱོགས་ཀྱི་བྲམ་ཟེ་རྣམས།།བྲམ་ཟེ་གཞན་གྱིས་མཆོད་པར་བྱེད།།མུ་སྟེགས་སྣ
474a5 རིགས་དང་ནི།།རྣམ་པ་སྣ་ཚོགས་སྤྱོད་ཡུལ་སྤྱོད།།གནས་ནི་ཀུན་ཏུ་གསུངས་པ་སྟེ།།བྲམ་ཟེའི་ཁྱེའུ་མང་ཐོས་ཡིན།།རང་བྱུང་སངས་རྒྱས་ཆོས་ཀྱི་རྒྱས།།སེམས་ཅན་ཀུནི་གྱི་དེ་ནི་སྒྲུབ་པ།སནི
474a6 རྣམས་ནི་མ་ལུས་དང་།།ལྷ་གནས་ཀྱིས་ཀྱང་མཆོ་དེ་པའོ།།རྒྱལ་པོ་ཆེན་པོ་བཞི་པོ་ཡང་།།འཇིག་རྟེན་ཀུན་ལ་གྲགས་པ་སྟེ།།འཕགས་སྐྱེས་པོ་དང་མིག་མི་བཟང་།།ཡུལ་འཁོར་སྲུང་དང
474a7 གནོད་སྦྱིན་རྒྱ་ལ།།བརྒྱ་བྱེན་དེ་ནས་ལྷ་རྣམས་ཀྱིས།།ངེས་པའི་ཚར་ནི་རབ་ཏུ་བསྒྲགས།།འཐབ་བྲལ་ལྷ་ཡི་བུ་དང་ནི།།འཕྲུལ་དགའ་གཞན་འཕྲུལ་དབང་བྱེད་དང་།།རྒྱལ་པོ་དགའ་ལྡན་གསུང




iiif viewer powered by OpenSeadragon

473b - 474b

Texts on this page

N478 - 'phags pa 'jam dpal gyi rtsa ba'i rgyud