| | e-texts navigator
|
473b1 ཡི་གེ་གེ།གྲོང་ཁྱེར་མེ་ཏོག་ཅེས་བྱ་བར།།ད་ནི་ཁྲོ་བོ་གྲུབ་པར་གྱུར།།དབུལ་བས་ཡོངསུ་ཟིལ་མནན་པ།།རྒྱལ་པོ་རྣམས་ནི་ཚར་བཅད་བྱས།།ཁྲོ་རྒྱལ་གཤིན་རྗེ་གཤེད་དེ་ཡི།།འཇམ་པའི་དབྱངས་ཀྱི་འདིར་གསུངས་པ།།སོད
473b2 མ་རུངས་རྣམས་དང་ནི།།གདུལ་དཀའ་འདུལ་བར་བྱེད་པ་དང་།།ཕན་པའི་མིན་ལས་བཟློག་དོན་དང་།།ཕན་པོ་ཉེ་བར་འཕེལ་ཕྱིར་དང་།སེམས་ཅན་རྣམས་ནི་རྗེས་བཟུང་དང་།།ས་ནི་སྲོག་འཆད་དགག་ཕྱིརོ།།བྲམ་ཟེའི་ཁྱེའུ
473b3 རྨོངས་པ་དེ།།དབུལ་བ་ཁྲོ་བ་ཆགས་པ་ཡིས།།རྒྱལ་པོའི་སྲོག་ལ་གནོད་པའི་ཕྱིར།།ཁྲོ་བའི་སྔགས་ནི་བཟློག་པར་བྱེད།།དེ་འོག་རྣམ་པར་གྲགས་པ་ནི།།བྲམ་ཟེ་ཡི་གེ་དང་པོ་ཨ།།ཆོས་དོན་དགེ་བ་ལྡན་བདག
473b4 ཉིད་བདེན་པར་སྨྲ་ཞིང་དབང་པོ་ཐུལ།།མངའ་བདག་མང་པོས་བཀུར་ཅེས་པ།།དེ་ཚེ་སྔགས་ནི་ཟློས་པར་འགྱུར།སྔགས་ནི་སྒྲུབ་པར་གྱུར་པ་ལ།།དབང་འགྱུར་ཡིན་གྱི་གཞན་མ་ཡིན།།འབྱུང་པོ་དབང་དུ་གྱུར་པ་ན།།དེ
473b5 དང་ལྡན་པར་འགྱུར།།དེ་འོག་རྣམ་པར་གྲགས་པ་ནི།།བྲམ་ཟེ་ཆོས་དོན་སེམས་བྱེད་པ།།དེ་ནས་མཐར་ནི་དང་ཡི་ག་ཤ།།མེ་ལེའི་ཡུལ་དུ་དེ་ནི་འབྱུང་།།ས་སྟེང་སྔགས་ནི་ཟློས་པར་གྲགས།།བསྟན་པ་མཆོག་ལའང་།།
473b6 རབ་ཏུ་དང་།།རིག་པ་རྗེས་གཟུང་མ་རུངས་དང་།།ཚངས་པའི་སྲིན་པོ་སྲིན་པོ་དང་།།འབྱུང་པོ་ཤིན་ཏུ་མ་རུངས་བཅས།།རྣམ་པ་སྣ་ཚོགས་ཤྲ་ཟ་དང་།།བརྟན་དང་འགྲོ་བ་སྣ་ཚོགས་ནི།།དེ་དག་མ་ལུས་དབང་དུ
473b7 འབྱུང་།།དེ་བཞིན་དྲམ་ཟེའི་མཚན་ལྡན་པ།།ཟད་དེ་ཡི་དབང་དུ་འགྱུར།།དེ་འིག་རྣམ་པར་གྲགས་པ་ནི།།ལྷོ་ཡི་ཕྱ་སུ་བྲམ་ཟེ་ནི།།ཡི་གེ་དང་པོ་པ་བསྟན་པ།།སྟོན་པའི་བསྟན་པ་དེ་གཅ་བྱེད།།མཆོད་རྟེན
iiif viewer powered by OpenSeadragon
473a - 474a