e-texts navigator
Collection
Volume
Page
Wylie

473a1 རྣམ་པར་ཉམས་ཤིང་སྣང་མེད་ལ།།སྟོན་པའི་གཟུགས་བརྙན་ཡིད་དུ་འོང་།།བྱེད་པར་འགྱུར་བར་ཐེ་ཙོམ་མེད།།ཐམས་ཅད་བྱང་ཆུབ་ལུང་བསྟན་ཏེ།།ང་ཡི་བྱང་ཆུབ་མཆོག་ཐོབ་འགྱུར།།དེ་བནན
473a2 འཇིག་རྟེན་སྦྱིན་གནས་འགྱུར།།སྲིད་པ་གསུམ་གྱི་མཐར་ཡང་བྱེད།།སྔགས་དང་རྒྱུད་ལ་མངོན་བརྩོན་པས།།གྲགས་པ་འཛིན་པར་ཤེས་པར་བྱ།།དྲྀ་ཟེ་ཆོས་ཀྱི་ངང་ཚུལ་ཅན།།དྲ་ནི་རབ་ཏུ་བརྗོད་པར་བྱ།།སྔགས
473a3 དང་རྒྱུད་ལ་མངོན་བརྩོན་པས།།རྒྱལ་པོའི་ལུགས་ལ་ཉེ་བར་གནས།།དེ་ཚེ་མི་བཟོད་དུས་དག་ཏུ།།འཇིག་རྟེན་ཀུན་ལ་འབྱུང་བར་འགྱུར།།ཡི་གེ་བ་ཞེས་བྲམ་ཟེ་མཆོག།ཕྱུག་ཅིང་རིག་བྱེད་ཕ་རོལ་ཕྱིན།།དེ
473a4 འདིར་ས་རྣམས་མ་ལུས་པར།།རྩོད་པའི་ཕྱིར་ནི་རབ་ཏུ་རྒྱུ།།མཚོ་གསུམ་ས་ཡི་མཐར་ཐུག་པ་རཱ།ཕ་རོལ་མུ་སྟེགས་རྩོད་ལ་དགའ།།གང་ཕྱིར་དང་པོ་གཙོ་བོའི་ཆོག།སེན་རྣམས་ལ་ཕན་འདོད་པས།།གཞོ་ནུས་ཡོང
473a5 སུ་གསུངས་གྱུར་པ།།ཡི་གེ་དྲུག་པའི་སྔགས་ཀྱང་ཟློས།།ཚིག་རབ་འབྱམ་འདི་དག་ལས།།དེས་ནི་དེ་ཕན་དེ་ལ་བསྟན།།རྒྱལ་དང་ལེགས་པར་རྒྱལ་བ་དང་།།གྲགས་ལྡན་དགེ་ལ་བདེ་ལས་གཞན།།རིཌཱིཪྵ་ལྗིན་ཆོས
473a6 དང་ལྡན་པ་དང་།།བརྩོན་ལྡན་ལེགས་པ་ཁྱབ་འཇུག་དང་།སྦྲང་རྩི་སྦྲང་རྩི་བཟང་པོ་དང་།།དེ་བཞིན་གྲུབ་དང་དྲེགས་བྲལ་དང་།།རོ་ལྔ་པ་དང་དམངས་རིཌ་དང་།།དེ་བཞིན་ཀ་ཤིར་སྐྱེས་པ་གཞན།།གཞོནུ་འདི་ཡི་བཟླས
473a7 པ་ལ།།ཐད་ཀུན་ཡང་འབྱུང་བར་འགྱུར།།དེ་དག་ཀུན་ཀྱང་བཟང་པོ་སྟེ།བློ་ལྡན་མང་དུ་ཐོས་པ་ཡིན།།དེ་ཀུན་སྔགས་ནི་སྔོན་དུ་གྱུར།།རྒྱལ་པོའི་འཚོ་བས་ཡང་དག་གནས།།དེ་འོག་རྣམ་པར་གྲཌ་པ་ནི།།བྲེ་ཟེ་དང་པོ




iiif viewer powered by OpenSeadragon

472b - 473b

Texts on this page

N478 - 'phags pa 'jam dpal gyi rtsa ba'i rgyud