e-texts navigator
Collection
Volume
Page
Wylie

472b1 གྲུབ།།གཞན་ཡང་རང་བྱུང་དམ་པ་ནི།།སིད་བྷ་ལ་ཡི་གྲོང་ན་གནས།།འཕགས་པ་མིན་ལ་འཕགས་པའི་མིང་།།སིང་གྷ་ལ་ཡི་གླེང་ན་གནས།།ཕ་རོལ་རྒོལ་བ་བཟློག་ནས་ནི།།མུ་སྟེགས་རྣམས་ཀ་སྔགས
472b2 སུན་ཕྱུང་།།དེ་དུས་འཇིག་སུ་རུང་བ་ཡི།།དུས་ཀྱི་མཐའ་ལ་འབྱུང་བར་འགྱུར།།ཡི་གེ་ད་དཔལ་དང་པོར།།སྡོམ་བརྩོན་གང་ཞིག་རབ་གསུངས་དང་།།ཡི་གེ་ར་དང་བ་དང་པོར།།དགེ་སློང་གང་ཞིག་རབ་བྱུང་གསུངས།།
472b3 སྦྱིན་པའི་བསྟན་པགས་བྱེད་པ།འབྱུང་བར་འབྱུང་བར་ཐེ་ཙམ་མེད།།རྒྱལ་པོ་ནག་པོ་ཞེས་བྱ་བ་ར།ཡི་གྲི་མ་ཞེས་སྡོམ་བརྩོན་འབྱུང་།།མཆོད་རྟེན་ཀུན་དགའ་རབ་གནས།།རྫིང་དང་ན་པའང་ཐོད།།སྦྱིན་གྱི
472b4 གཟུགས་བརྙན་དེ་བཞིན་རྟགས།།གཟིངས་དང་ཟམ་པ་ཉིད་རྣམས་ནི།།བྱེད་པར་འགྱུར་བར་ཐེ་ཚོམ་མེད།།མཚོན་གྱིས་ལུས་ཞིག་མཐོ་རིས་འགྲོ།།དེ་ནས་ཡི་གེ་ས་དང་ཀ།དང་པོ་དག་ཏུ་བརྗོདན་པ་དང་།།དེ
472b5 བཞིན་ཡེ་བྱེར་དང་གྷ།དང་པོ་དག་ཏུ་རབ་བརྗོད་དང་།།དང་པོར་ཡི་གེ་བ་དང་ནི།།ལེགས་བཞིན་ལེགས་ཏེ་སྡེ་ཞེས་བསྟན།།སྦྱིན་བྱེད་སྦྱིན་པར་བྱེད་པ་ཉིད།།གཞན་གྱི་གྲུབ་མཐའ་སུན་བྱེད་པ།།ཚོང་བ་སྔོན་དང་སྨན་པ
472b6 སྔོན།།གཉི་ག་སྤྱིར་བྱེད་སྣ་ཚོགས་བྱེད།།ཡི་གེ་བ་ཞེས་སྒོམ་བརྩོན་བསྒྲགས།།དེ་ལས་གཞན་པ་དང་ཡི་གེར།།དང་པོ་ཡི་གེ་བ་གགས་དང་།།སྟོན་པའི་གཟུགས་བརྙན་དོན་ཡང་བྱེད།།བློ་ལྡན་དང་པོར་ཡི་གི་མ།།
472b7 དེབཞིན་སྡོམ་བརྩོན་དདའི་འབྱུང་།།རྣམ་པ་དུ་མ་སྡོམ་བརྩོན་དསུམ།།ཚེ་མཐའ་ཡས་འབྱུང་བར་འགྱུར།།སྡོམ་བརྩོན་ཐཾད་བསྒྲགས་པ་ཡང་།།སྟོན་པའི་བསྟན་པ་གསལ་བྱེད་པའོ།།བསྟེན་པ་དེ་ཆེས་སྟེང་དུ།




iiif viewer powered by OpenSeadragon

472a - 473a

Texts on this page

N478 - 'phags pa 'jam dpal gyi rtsa ba'i rgyud