e-texts navigator
Collection
Volume
Page
Wylie

487b1 འཚོ་བོ་ཐམས་ཅད་ལྔས་ཡོངས་སུ་ཐར་པར་འགྱུར།འཆི་བ་དྲང་།དགྲ་དང་།དགོན་པའི་གནད་པ་དང་།འཐབ་པ་དང་།རྩོད་པ་དང་།འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར།
487b2 དགྲ་བོ་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བར་འགྱུར།ཅི་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ།།དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན
487b3 འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས།འདི་ཇི་ལྟར་གཟུང་བར་བགྱི།བཅོམ་ལྡན་འདས་ཀྱིས་བཀའ
487b4 སྩལ་པ།འཇམ་དཔལ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུརྱའི་འོད་ཀྱི་གཟུངས་ཞེས་བྱ་བར་ཟུང་ཤིག།ལས་ཀྱི
487b5 སྒྲིབ་པ་ཐམས་ཅད་རྣམ་པར་འཐག་ཅིང་སྦྱོང་བ་ཞེས་བྱ་བར་ཡང་ཟུང་ཤིག།དེ་བཞིན་གཤེགས་པ་བདུན་གྱི་རྣམ་པར་འཕྲུལ་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག།
487b6 བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའོ་སྩལ་པ་དང་།འཇམ་དཔལ་གཞོན་ནུར་གྱུར་པ་དང་།ཐམས་ཅད་དང་ལྡན་པའི་འཁོར་དེ་དག་ཡི་རངས་ཏེ།བཅོམ
487b7 ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོངས་བསྐྱེད་པའི་བཻ་ཌཱུརྱའི་འོད་ཅེས་བྱ་བའི་གཟུངས་རྫོགས་སྷོ།




iiif viewer powered by OpenSeadragon

487a - 488a

Texts on this page

N455 - 'phags pa de bzhin gshegs pa'i ting nge 'dzin gyi stobs bskyed pa bai DUrya'i 'od ces bya ba'i gzungs