| | e-texts navigator
|
485a1 གསོལ།།སེམས་ཅན་ཐམས་ཅད་ཀྱི་སྡིག་པ་ཐམས་ཅད་སྦྱང་བ་དང་།ནཱད་ཐམས་ཅད་བསལ་བ་དང་།རེ་བ་ཐམས་ཅད་སྐད་དུ་གསོལ།།བཅོམ
485a2 ལྡན་འདས་དེ་བཞིན་གཤེགས་པ་དེ་དག་གི་མཚན་དང་།སྔོན་གྱི་སྨོན་ལམ་གྱིས་བྱིན་གྱིས་བརླབས་པའི་གཟུངས་བཤད་དུ་གསོལ།།དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ
485a3 དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།འཇམ་དཔལ་ལེགས་སོ་ལེགས་སོ།།ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་།།ངས་བཤད་དོ།།
485a4 འཇམ་དཔལ་གཞོན་ནུར་གྱུར་པས་བཅོམ་ལྡན་འདས་ལ།དེ་དེ་བཞིན་ནོ་ཞེས་གསོལ་ནས།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།འདི་ལྟ་སྟེ།དེ་བཞིན་གཤེགས
485a5 བ་མཚན་ལེགས་པར་ཡོངས་གྲགས་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་རིན་པོ་ཆེ་དང་ཟླ་བ་དང་།པད་མས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད།།
485a6 སྒྲ་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས
485a7 པ་མྱ་ངན་མེད་མཆོག་དཔལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།།དེ་བཞིན་གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་ཀྱི་རྒྱལ་པོ་ལ་ཕྱག་འཚལོ།།དེ་བཞིན་གཤེགས་པ་ཆོས་རྒྱ
iiif viewer powered by OpenSeadragon
484b - 485b