| | e-texts navigator
|
457a1 དེ་ཡི་འོད་ཀྱིས་སེམས་ཅན་རྣམས།།རྡོ་རྗེའི་དོ་བ་ཐིམ་པར་བྱ།།དེ་ལས་ཁྲོ་བ་ཆེན་པོའི་སྐུ།།སྐུ་མདོག་སྔོན་པོ་ཆེར་འབར་བ།།གཡོན་བརྐྱང་ན་ཚོད་བཅུ་དྲུག་འཆང་།།མཐའ་ཡས
457a2 ལ་སོགས་བརྒྱད་ཀྱིས་རྒྱན།།སྐུ་མདོག་ནག་པོའི་གཟུགས་ཅན་དེ།།ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བསྣམས།།ན་བཟའ་སྔོན་པོའི་ཟེར་འཇོལ་ཅན།།སྤྱན་གསུམ་དམར་མཛེས་གྱེན་དུ་འཇིལ།།རལ
457a3 བགྱི་ནི་རྗེས་རྡོ་རྗེ་ཡི།།དབུ་རྒྱན་ཅན་དུ་བསམ་པར་བྱའོ།།དེ་ནས་ཡེ་ཤེས་ཁྲོ་བོ་ཆེ།།སྤྱན་དྲངས་ཛིཿཧཱུཾ་བཾ་ཧོས་གཞུག།མགོ་དང་ལྐོག་མ་སྙིང་ཁ་རུ།།ོཾ་ཨཱཿཧཱུཾ་བཱི་རྣམ་པ་ཡ།།ཡི་གེ་དྲཨཱརྱ།
457a4 གསུམ་སྔགས་ཀྱིས་རྒྱན།།འཁོར་ལོ་པདྨ་རྡོ་རྗེ་བསམས།།མི་བསྐྱོད་རྡོ་རྗེས་དབང་བསྐུར་ཏེ།།ཀུན་འཇོམས་རྣམ་པར་དག་པར་བསྣམ།།དེ་ནས་བཅོམ་ལྡན་འདས་ཀྱིས་འདིའི་རྩ་བའི་སྔགས་ལས་ཐཾད
457a5 བ་གསུང་ས།།མཽ་ནཱི་ལཱྀམྦ་ར་དྷ་ར་བཛྲ་བཱཎྜི་ཧཱུ~ཾ་ཏྲཱ~ཾ་ཕཊ།རབ་ཏུ་བརྗོད་པོར་བྱའོ།།སྔགས་ཀྱི་ཕྲེང་བ་དེ་དག་ཀྱང་།།ཞི་ལ་རབ་དཀར་དབ་ལ་དམར།།རྒྱས་ལ་སིར་པོ་དྲུག་ལྔ་གནས།།རྟོག་པ་ཀུན་ཏུ་སྤངས་དྡྷི
457a6 བཟླས།།སྤྲོ་དང་བསྡུ་བའི་བྱེ་བྲག་གིས།།ཇི་ལྟར་མོས་པའི་བསམ་གཏན་བྱ།།མི་མོས་རྣལ་འབྱོར་རབ་ཏུ་སྤང་།།ཕྱུག་ན་རྡོ་རྗེ་ཁྲོ་རྒྱལ་གྱིས།།དག་ཀུན་རྟེན་པའི་ཡིད་འདི་ལ།།གང་བཙུན་པ་དེ་ཕན་ཡོན་ནོ།།
457a7 ཀུན་ཏུ་དཀའ་ལ་སོགས་པ་དག།མི་སྣང་ལ་སོགས་རབ་ཏུ་འགྲུབ།།ཀུན་རྟེན་རབ་ཏུ་སྤྱད་དོག་ཅན།།རྟེན་ཅན་སྦྱོར་བ་རབ་ཏུ་དེབེན།།དངོས་གྲུབ་མཆོག་ཏུ་རབ་ཏུ་འགྲུབ།དཔལ་རྡོ་རྗེ་ས་འོག་གི་རྒྱུད
iiif viewer powered by OpenSeadragon
456b - 457b