| | e-texts navigator
|
456b1 ཀུན་ཏུ་རབ་བཀྱོ་ནས།།གདོན་རྣམས་བརླག་བྱེད་ཐབས་གསུངས་པ།།དཀར་པོའི་ཕྱོགས་ཀྱི་ཆོས་བརྒྱད་དང་།།དེ་བཞིན་བཅུ་བཞི་བཅོ་ལྔ་ལ།།རབ་ཏུ་དབེན་པའི་ས་བྱོས་སུ།།ཕྱག་ན་རྡོ་རྗེ་རག་ཁྲོས་པ།།གཞོན་ཚུལ
456b2 འགྱིང་བ་རབ་བསམས་ལ།།རྭ་ནི་ཆེན་སྣོད་དམ་ཁམ་ཕོར་དུ།།གསེར་ལ་སོགས་པའི་རིན་ཚན་བདུན།།དག་པར་བསྒྲུབས་ཏེ་རབ་བཅུག་ནས།།གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ།།དཀོན་མཆོ་གསུམ
456b3 གྱི་བཀའ་བདེན་པས།།འབྱུང་པོ་དེ་ལ་གཏོར་བྱིན་ཏེ།།གང་གནས་རྟེན་སར་རབ་སྦས་ལ།།འབྱུང་པོ་ཀླ་གདུག་ཞི་བར་འགྱུར།།གང་ཚེ་ཞི་བས་མ་ཕན་ན།།དེ་ཚེ་གདུག་པའི་མཚོན་ཆ་རྣམས།།རང་གི་ཁང་པར
456b4 རབ་ཏུ་འབར།།སྡུག་བསྔལ་མི་བཟད་དྲག་པོ་སྟེ།།དེ་ཚེ་སྔོན་གྱི་སེམས་དྲན་པས།།ཞི་བར་འགྱུར་བ.རརེ་ཐེ་ཙོམ་མེད།།དེ་ནས་འདིར་བཅོམ་ལྡན་འདས་ཀྱིས་ལྷའི་ཆོ་ག་རབ་ཏུ་གསུངས་པ།རྟག་ཏུ་བྱང་ཆུབ་སེམས
456b5 ཐོབ་ཅིང་།།དམ་ཚིག་སྡོམ་པ་ཀུན་ལྡན་པ།།ཁྲུས་ཀྱི་ལས་རྣམས་ཀུན་བྱ་སྟེ།།རྣམ་པར་དག་པའི་ས་གཞི་ལ།།དཀྱིལ་འཁོར་ཇི་ལྟར་མཛེས་པར་བྱ།།ཧཱུཾ་ཡིག་ལས་བྱུང་ལྕགས་ཀྱུ་ཡིས།།སངས་རྒྱས་བྱེད།།
456b6 །ཆུབ་སེམས་དཔའ་རྣམས།།སྐད་ཅིག་མདུན་བསམས་མཆོད་སོགས་བྱ།།ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ།སྟོང་པའི་ཏིང་ངེ་འཛིན་རྣམས་སྒམ།།ན་མཁའི་ཁམསུ་ཨ་དང་ནི།།ཟླ་བ་དང་བྲྀ་ཡཽ།
456b7 ཧཱུ~ཾ།།འོད་ཟེར་ཀུན་ཏུ་འབར་བར་སྒོམ།།འགྲོ་དྲུག་ཉོན་མོངས་ཀུན་སྦྱངས་ཏེ།།རྣམ་འགྲོལ་ས་ལ་དེས་བཀོད་ནས།།འོད་བསྡུས་ཧཱུཾ་གི་རྣམ་པར་བསམ།།དེ་ཉིད་རྡོ་རྗེ་རྩེ་ལྔ་ཅན།།འོད་ཟེར་ཕྲེང་བ་འཕྲོ་བ་རེ་བས།།
iiif viewer powered by OpenSeadragon
456a - 457a