| | e-texts navigator
|
456a1 །ཏེ།གསང་བའི་བདག་པོ་ལྡག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་ཀླུ་ཐམས་ཅད་ཀྱི་ཞེ་སྡང་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་སྔགས་འདི་གསུང་སོ།།ོཾ་ནཱི་ལླེ་བཛྲ་ཀྲོ་དྷ་ནཱ་ག་ཧཱུ~ཾ་ཕཊ།རྗེས
456a2 བཟླ་སོ།།དེ་ནས་ཀླུ་མཐའ་ཡས་སེམས་རབ་ཏུ་ཞི་སྟེ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་པས་ཀླུ་ཐམས་ཅད་སེམས་རབ་ཏུ་ཞིའོ།།དེ་ནས་མཐའ་ཡས་ལ་སོགས་པའི་ཀླུ་རྒྱུ་ལ་སི་འགི་ནི་བཞུགས་པ
456a3 རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཕྱི་མའི་དུས་ན་སླད་མའི་ཆོ་སེམས་ཅན་རྣམས་ལ་ས་འོག་གི་གདོན་རྣམས་ཀྱིས་བར་དུ་མི་གཅོད་ཅིང་།།
456a4 དེ་དག་གི་བདུག་པ་ཞི་བར་བྱེད་པའི་ཆོ་ག་བཤ་དུ་གསོལ།བདག་ཅག་ཀླུའི་རྒྱལ་པོ་རྣམས་དང་བདག་ཅག་གི་འཁོར་རྣམས་ཀྱིས་སེམས་ཅན་ཆེན་པོ་དེ་ལ་བར་དུ་གཅོད་པར་མི་ནུས་པ་བཤཱ་དུག་སོ།
456a5 བདག་ཅག་ཀླུའི་རྒྱལ་པོ་རྣམས་ཀྱི་དོན་དུ་འགྱུར་བ་བཤད་དུ་གསོལ།ཞེས་གསོལ་བ་བཏའོ།།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་ཅུང་ཟད་སྤྱན་གྱིས་གཟིགས
456a6 ནས་བཀའ་སྩལ་པ།ཀླུའི་རྒྱལ་པོ་དག་ལོག་སོ།།ཞུ་བའི་དུས་ལ་བྱའོ།།ངས་སེམས་ཅན་རྣམས་ཀྱི་དོན་དུ་རབ་ཏུ་ཕྱེ་སྟེ་བཤུད་ཀྱིས་ཉོན་ཅིག།བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ཏོ།ཀླུ་རྣམས་ལྟར
456a7 ཉན་ཏོ།།དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་འདུལ་བ་ཞེས་བྱ་བའི་ལེའུ་བཤད།ཧཱུཾ།སེམས་ཅན་ཀུན་གྱིས་དོན་གྱི་ཕྱིར།།རྡོ་རྗེ་འཛིན་ཆེན་སྟོན་པ་དེས།།ཉིད་ཀྱི་འཁོར་ལ་རབ་གཟིགས་ཏེ།།འོད་ཟེར
iiif viewer powered by OpenSeadragon
455b - 456b