e-texts navigator
Collection
Volume
Page
Wylie

338b1 བདེ་མཆོག་གི་བྱ་བ་ཐམས་ཅད་ལ་ནི་རྡོ་རྗེ་སྒྱུ་མའི་བྱ་བ་སོ།།རྨད་དུ་བྱུང་བ་དང་ཆོ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་རྣ་དུ་བྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས།།ལན་ཐམས་ཅད
338b2 གདབ་པར་བྱ་བ་ལ་ནི་རྡོ་རྗེ་ལན་བསྟན་པས་སོ།།མི་རེངས་པར་བྱ་བ་ལ་ནི་རྡོ་རྗེ་ཤིན་ཏུ་གྲངས་པསོ།།ཆུ་འབབ་པར་བྱེ་བ་ལ་ནི་རྡོ་རྗེ་ཟླ་བའི་ཆུ་ཤིལ་གྱིས།།དགོན་པ་དང་།གྲོང་དང་།ནགས་དང་།
338b3 ཆུབ་དང་།རྫིང་བུ་དང་།སྐྱེས་མོས་ཚལ་དང་།ཟས་དང་།སྐོམ་དང་།གཙུག་ལོག་ཁང་སྤྲུལ་པ་ལ་ནི་རྡོ་རྗེ་གྲུབ་པསོ།།ཆུའི་སྟེང་དུ་བཞག་པ་དང་།བདག་ཉིད་གཟུགས་མང་པོའི་དངོས
338b4 པོ་སྟོན་པ་དང་།མི་སྣང་པོ་དང་།ན་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བ་རིདྷི་ངོས་གྲུབ་ཀྱི་ཕྱག་རྒྱསོ།།ལྷ་ལ་སོགས་པ་ཐམས་ཅད་མངག་གཞུག་པར་བྱ་བ་ལ་ནི་རྡོ་རྗེ་གསང
338b5 བའི་བཀའ་བསྒོ་བསོ།།སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབང་གིསོ།།མི་རྒྱུ་བ་ཐམས་ཅད་དྲང་བ་དང་།དབབ་པ་དང་།བདེན་པར་སྨར་གཞུག་པ་ལ་ནི་རྡོ་རྗེ་གསང
338b6 བའི་དངོས་གྲུབ་ཆེན་པོའི་ཕྱག་རྒྱ་སོ།།གཟུགས་བརྙན་ཐམས་ཅད་དབབ་པ་དང་།དགུག་པ་དང་།དགོད་པར་བྱ་བ་དང་།གར་བྱེད་དུ་གཞུག་པ་དང་།རོལ་པར་བྱ་བ་དང་།བསྒོ་བ་ཐམས
338b7 ཅད་དང་བྱེད་དུ་གཞུག་པ་དང་ཐམས་ཅད་ཁྱེར་ཏེ་འོང་བ་དང་།ལས་ཐམས་ཅད་བྱེད་དུ་གཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་སྒྲུབ་པསོ།།ཐམས་ཅད་རྗེ་སུཾ་ཆགས་པར་བྱ་བ་ལ་ནི་བདེ་བ




iiif viewer powered by OpenSeadragon

338a - 339a

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba