e-texts navigator
Collection
Volume
Page
Wylie

338a1 བཆེན་པོ་བསྐྱེད་པ་ལ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱསོ།།རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་རླུང་ཐམས་ཅད་ཀྱིས།།ནམཁའ་ལ་གཟུགས་ཐམས་ཅད་ཀུན་ཏུ་སྟོན་པ
338a2 ལ་ནི་རྡོ་རྗེ་གསང་བའི་འཛིན་པས།།རྣམ་པའི་ལས་དངོས་པོ་ཐམས་ཅད་འབྱུང་བར་བྱ་བ་ལཱ་ནི་རྡོ་རྗེ་གསང་བྱའི་འབྱུང་བསོ།།ན་མཁའ་ལ་རང་གི་བདག་ཉིད་ཀྱི་དངོས་པོ་ཀུན་ཏུ་བསྟན་པར
338a3 བྱ་བ་ལ་ནི་རྡོ་རྗེ་གསང་བའི་རྫུ་འཕྲུལ་གྱིསོ།།ནམ་མཁའ་ལ་དེ་བཞིན་གཤེགས་པ་དང་།རྡོ་རྗེ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།འཇིག་རྟེན་གྱི་ཁམས་ཐམས
338a4 ཅད་བསྟན་པ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཕྲུལ་བསོ།།ན་མཁའི་ཤིང་ཐམས་ཅད་ལོ་མ་དང་།མེ་ཏོག་དང་།འབྲས་བུ་ཐམས་ཅད་འབྱུང་བ་ལ་ནི་རྡོ་རྗེ་གསང་བའི་དུས་ཀྱི་ཕྱག་རྒྱསོ།།
338a5 སའི་ཆ་ཐམས་ཅད་ལ་འབྲས་བུའི་ཆ་ཐམས་ཅད་སྨན་པར་འགྱུར་བ་ལ་ནི་རྡོ་རྗེ་གསང་བའི་གཤོལ་གྱི་ཕྱག་རྒྱ་སོ།།ཐམས་ཅད་ལས་ལྷའི་ཁ་ཟས་དང་།བཏུང་བ་དང་།གོས་དང་།རྒྱན
338a6 དང་།གནས་སར་པ་དང་།བུ་མོ་གཞོན་ནུ་འབྱུང་བ་དང་།སྐྱེས་པ་དང་།བུད་མེད་དང་།བྲན་ཕོ་དང་།བྲན་མོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི
338a7 བསོད་ནམས་ཀྱི་ཆུ་བོས།གཡུལ་དུ་དཔུང་གི་ཚོགས་ཡན་ལག་བཞི་པ་བསྟན་སྟེ་གཡུལ་འགྱེད་པ་ལ་ནི་རྡོ་རྗེ་བདེ་བ་ཆེན་པོའི་སྡོམ་པསོ།།སྒྱུ་མ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་བདེ་མཆོག་གིས




iiif viewer powered by OpenSeadragon

337b - 338b

Texts on this page

N439 - dpal mchog dang po'i sngags kyi rtog pa'i dum bu zhes bya ba