| | e-texts navigator
|
318a1 རོལ་ཏུ་ཕྱིན་པ་བཞི་ལུང་ཇི་ལྟར་ཐོབ་པ་བཞིན་དུ་གཞག་པར་བྱའོ།།སྨྱོ་རྣམ་སུ་ནི་མཚན་མ་པ་ནི་གཞག་པར་བྱའོ།།འདི་ལྟ་སྟེ།རལ་གྲི་དང་།མདུང་དང་།ལྷུང་བཟེད་དང་།།
318a2 གླེགས་བམ་རྣམསོ།།དེ་ནས་རལ་གྲི་དང་།གླེགས་བམ་གྱི་ཕྱག་རྒྱ་དེ་བཞིན་དུ་ཆོས་ཀྱི་སློབ་དཔོན་དུ་བྱིན་གྱིས་བརླབ་པོ།།དེ་ནས་རལ་གྲི་བླངས་ཏེ་རལ་གྲིའི་མིང་གི་དབང་བསྐུར་བས
318a3 དབང་བསྐུར་ལ་ཆོས་འདི་བཤད་པར་བྱ་སྟེ།རལ་གྲི་འདི་ནི་རྟག་ཟུང་ལ།།ཤོས་རབ་ཚུལ་ནི་དཀར་སྨྲ་ཞིང་།།ན་མཁའ་སངས་རྒྱས་སྦྱོར་བ་ཡིས།།འདེབས་ན་མྱུར་དུ་འགྲུབ་པར་འགྱུར།།
318a4 སངས་རྒྱས་བསྟན་པ་སྲུང་ཕྱིར་དང་།།སེམས་ཅན་མང་པོ་སྲུང་བའི་ཕྱིར།།འདིས་བསད་སྡིག་པར་མི་འགྱུར་ཞིང་།།བསོད་ནམས་དོག་ཀྱང་ཐོབ་པར་འགྱུར།།སློབ་མ་རྣམས་ལའང་དེ
318a5 བཞིན་ཏེ།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངསསུ་རྫོགས་པའི་དངོས་གྲུབ་རྣམས་ཀྱིས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར
318a6 འགྱུརརོ།།ཆོས་ཀྱི་དཀྱིལ་འཁོར།།སྒྲུབ་པའང་དེ་བཞིན།།མ་བསྒྲུབས་པར་ཡང་དེ་བཞིན་དུ་ལུས་རྣམས་འགྲུབ་པར་འགྱུར་བ་ནི་སྟོང་པ་ཉིད་ཀྱི་ཏི་འཛིན་འཐོབ་པ་ལ་ནི་ཐམས་ཅད
318a7 ན་མཁའ་བསྒོམས་པསོ།།མཚན་མ་མེད་པའི་ཏིང་འཛིན་འཐོབ་པ་ལ་ནི་མཚན་མ་དང་བྲལ་བའི་ཏིང་འཛིན་བསྒོམས་པས་སོ།།སྨོན་པ་མེད་པའི་ཏིང་འཛིན་འཐོབ་པ་ལ་ནི་སྨོན་པ་མང
iiif viewer powered by OpenSeadragon
317b - 318b