| | e-texts navigator
|
317b1 ཐམས་ཅད་མཚན་མ་མེད་པའོ།།སྨོན་པ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྨོན་པ་མེད་པའོ།།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོང་སུ་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ
317b2 བའོ།།དེ་ནས་བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་དོན་འདི་རྒྱ་ཆེར་སྟོན་ཞིང་བཞིན་འཛུམ་བཞིན་དུ་རལ་གྲི་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འདེབས་ཤིང་ཤེས་རབ་ཀྱི
317b3 པ་རོལ་ཏུ་ཕྱིན་པའི་སྙིང་པོའི་མཆོག་འདི་གསུངསོ།།ཿདེ་ནས་འདི་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་མཛད་ནས་དང་པོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བཞུགསོ།།
317b4 དེ་ནས་འཇམ་དང་ལ་གཞོན་ནུར་གྱུར་པ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པས་སྤྲོས་པ་མེད་པའི་རལ་གྲི་ཞེས་བྱ་བའི་ཏིངངེ་འཛིན་ལ་སྙོམས་པར་ཞུགས་ནས་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ
317b5 བའི་དཀྱིལ་འཁོར་འདི་གསུངས།།ཕྱིའི་དཀྱིལ་འཁོར་ཇི་ལྟ་བའི་ནང་དུ་འཁོར་ལོ་བྲིས་ལ། ལ་སོགས་པའི་ཡི་གེ་འཕྲེང་བ་གོ་རིམས་བཞིན་དུ་བྲི་བར་བྱའོ།།དེ་ནས་དཀྱིལ་འཁོར་བརྒྱད
317b6 པའི་ཚུལ་གྱིས་ཐིག་བཏབ་ལ་དེའི་ལྟེ་བ་ལ་བཅོམ་ལྡན་འདས་འཇམ་དཔལ་གཞོ་ནུགནོ་ནུའི་ཆ་ལུགས་འཆང་ཞིང་འཛུམ་པ་དང་བཅས་པ་ན་མཁའི་མདོག་ཅན་ཕྱོག་བཞི་དང་།རལ་གྲིས་དེ་བཞིན
317b7 གཤེགས་པ་ཐམས་ཅད་ལ་འདེབས་པར་བཞག་པར་བྱའོ།།དེའི་མདུན་ལ་སོགས་པར་དེ་བཞིན་གཤེགས་པའི་སྐུ་རྣམས་བཞག་པར་བྱའོ།།ཕྱིའི་མཚམས་རྣམསུ་ཤེས་རབ་ཀྱི་ཕ
iiif viewer powered by OpenSeadragon
317a - 318a