| | e-texts navigator
|
317a1 ན་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས།།རིག་པ་འཛིན་པའི་དངོས་གྲུབ་ལ་ནི་རྡོ་རྗེ་རལ་གྲིའི་ཁུ་ཚུར་གྱིས།།དེ་བཞིན་གཤེགས་པ་ཐམས
317a2 ཅད་མཆོད་པའི་དངོས་གྲུབ་ལ་ནི་རྡོ་རྗེ་ལས་ཀྱི་ཁུ་ཚུར་གྱིསོ།།ཐམས་ཅད་མཁྱེན་པ་གྲུབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས།།ནོར་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་ནོར་གྱི་ཁུ་ཚུར་གྱིས།།
317a3 ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་ཉིད་ལ་ནི་རྡོ་རྗེ་ཕྱག་རྒྱའི་ཁུ་ཚུར་གྱིསོ།།ལས་ཐམས་ཅད་ཀྱི་དངོས་གྲུབ་ལ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཁུ་ཚུར་གྱིསོ།།དཀྱིལ་འཁོར་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་འཛིན
317a4 པའི་ཁུ་ཚུར་གྱིས།།རང་ཉིད་འདས་པ་དང་།མ་འོངས་པ་དང་།ད་ལྟར་གྱི་དངོས་གྲུབ་རྣམས་སྟོན་པ་ལ་ནི་རྡོ་རྗེ་ལྕག་ཀྱུ་མཆོག་གི་ཁུ་ཚུར་གྱིས།།རྡོ་རྗེ་འཛིན་པ་ཉིད་ལ་ནི་རྡོ་རྗེ་བསྙེམས་པའི
317a5 ཁུ་ཚུར་གྱིསོ།།སངས་རྒྱས་ཉིད་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཁུ་ཚུར་གྱིས།།བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་རྟོག་པའི་རྒྱལ་པོ་ཆེན་པོ་ལས་ཕྱག་རྒྱ
317a6 ཐམས་ཅད་ཀྱི་ཁུ་ཚུར་གྱི་དམ་ཚིག་ཅེས་བྱ་བ་རྟོག་པའི་རྒྱལ་པོ་ཆེན་པོ་རྫོག་སོ།།།།དེ་ནས་བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པའི་དེ་བཞིན་གཤེགས་པས་ཡང
317a7 འཁོར་ལོ་ལྟར་ཡིག་བསྐོར་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དེ།ངོ་བོ་ཉིད་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་སྟོང་པའོ།།མཚན་མ་མེད་པའི་ཚུལ་གྱིས་ཆོས
iiif viewer powered by OpenSeadragon
316b - 317b