e-texts navigator
Collection
Volume
Page
Wylie

209b1 བཞི་པ་སྟེ་རྒྱས་པ་ཡིན།།ཆུ་ལ་དཀྱིལ་འཁོར་རྣམ་པ་སྐྱེ།།དཀར་པོའི་མདོག་ཅན་ཞིངའི་ཡིན།།མེ་ཡི་དཀྱིལ་འཁོར་ཁྭ་དོག་དམར།།གྲུ་གསུམ་དབང་གིས་ལས་རྣམས་ལང།།རླུང
209b2 དཀྱིལ་འཁོར་གཞུ་ཡི་དབྱིངས།།ནག་པོའི་གདུག་པའི་ལས་རྣམས་ལ།།འབྱུང་བ་ཆེའི་བདག་ལས་གྲུབ་པ།།ལས་ཀྱི་དངོས་གྲུབ་ཡོན་ཏན་བཞི།།ལུས་ཀྱི་དངོས་གྲུབ་དངོས་གྲུབ་མཆོགས།
209b3 ལངར་ལོས་བསྒྱུར་བ་རྣམ་པ་བཞི།།ཞི་བ་ལ་ནི་སྤྱན་གྱི་ཆུལ།།རྒྱས་པ་པདྨའི་རྡོ་རྗེ་ཅན།།དབང་ལ་རྣམ་པར་སྣང་མཛད་གནས།།རྡོ་རྗེ་ཁྲོ་བ་མངོན་སྤྱོད་ལའོ།།ཞི་བ་དགེངས་ཀྱི་བྱ་བ་ཡིན།
209b4 དེ་བཞིན་རྒྱས་པོ་ལྔ་དྲ་ལ།།གདུག་པའི་ལས་རྣམས་ཉི་མའི་གུང་།།དབང་གི་ལས་ནི་མཚན་ཕྱེད་བྱ།།ཞི་ལ་དཀར་པོ་སྦྱར་བར་བྱ།།སེར་པོར་སྣང་བ་རྒྱས་པ་ལ།།དབང་གི་ལས་ལ
209b5 དམར་པོ་སྟེ།།གདུག་པ་ནག་པོ་རབ་ཏུ་སྦྱར།།ཏིང་འཛིན་ཡེ་ཤེས་ལས་བྱུང་བ།།ལས་ཀྱི་སྒྲུབ་པ་དམྦྷ་པ་ཡིན།།བཅོམོ་ལྡན་དག་པ་བསྒོམ་བྱ་སྟེ།།སངས་རྒྱས་ཀུན་ལས་མི་གཡོ་གྱུར
209b6 བྷ་གའི་དབུསུ་གསང་བའི་བདག།རྡོ་རྗེའི་དབྱིངས་ནི་དེ་བཞིན་གཤེགས།།ལྷ་ཡི་བདག་གྱུར་བདག་ཉི་ནི།།བསྒོམས་ན་གཡོ་བ་མེད་པར་འགྱུར།།སྙིང་ལ་གནས་པའི་ལྷ་མོ་ཆེ།།རྣ
209b7 པ་ཡི་རྣལ་འབྱར་བསྐྱེད།།སངས་རྒྱས་ཐམས་ཅད་བསྐྱེད་མཛད་ཡུམ།།རྡོ་རྗེ་དཔྱིད་ཀྱི་དབང་པོས་བཤད།།འདོད་ཆགས་ཞེ་སྡང་གཏི་མུག་སྟེ།།འདི་དག་འཇིག་རྟེན་དུག་གསུམ་ཡིན།།




iiif viewer powered by OpenSeadragon

209a - 210a

Texts on this page

N435 - thams cad gsang ba zhes bya ba rgyud kyi rgyal po