e-texts navigator
Collection
Volume
Page
Wylie

70b1 ཏཱིདྡྷོདྡྷེ་བྷཱུ་ནཱན་རྫས།།ནཱམ་གྱི་དུས་ལ་སྔགས་པས་བླང་།།ཆ་གསུམ་སྣོད་དུ་ཞག་གསུམ་བཞག།ཁ་ཡི་ཆེ་ནི་བྱུགས་པ་སྟེ།།དབུས་མཱའི་ཆ་ནི་བདུད་རྩི་ཉིད།།རྣ
70b2 ནི་དོང་བ་སྟེ།འདི་རྣམས་སོ་སོར་བརྟེན་པ་ན།།ཐ་མལ་འབྲས་བུ་གསུམ་གྣི་བྷྱོ།།བྱི་ལོའི་སླར་ཚད་དེ་དང་སྦྱར།།མ་སྦྱ་ན་ལར་ཉེས་པ་མེད།།ཚོགས་པར་བརྟེན་ནས་བྱཱ
70b3 བར་བྱ།།རེ་རེ་སྟན་ཡིད་ཉེས་པ་མེད།།དམ་རྫས་རྨད་དུ་བསྒྱུར་ཏེ་བརྟུན་པའི་ཆོ་ག་རྫོག་སོ།།།ནད་མེད་རྣམས་ཀྱི་བྱང་ཆུབ་གྲུབ་རྟགས་བཤད་པའོ།།།།དབུལ་རྡོ་རྗེ
70b4 འཇིགས་བྱེད་ལ་ཕྱག་འཚའོ།།དེ་ནས་ཡང་དགེ་བཤད་བྱ་བ།།བཅོམ་ལྡན་ཉིད་ཀྱི་སྐུ་གསུང་ཐུགས།།རྡོ་རྗེ་རྣམས་ལས་བྱུང་བ་ཡཾ།།རྡོ་རྗེ་འཇིགས་བྱེད་ཆེན་པོ་ཡི།།ལྷོ་ཕྱོགས་རྩེ
70b5 མཚོ་ཕ་བསྐོལ་ནས།།དེ་ན་གཤིནྡ་རྗེའི་གྲོང་ཁྱེར་ནི།།ག་ལ་བ་ཡི་གནས་སུ་བྱོན།།མི་བཟད་ཞབས་ནི་བཅུ་དྲུག་གིས།།ལྕགས་མཁར་སྒོ་མེད་བཅུ་དྲུག་བརྫིས།།ཡེ་ཤེས
70b6 གཅིག་མཚན་མ་ཡིས།།དབུས་ཀྱི་ལྕགས་མཁར་ཆེན་པོ་བརྫིས།།དེ་ཚེ་བདུད་ཆེན་ལས་རྒྱད་ནས།།ཧ་ཧི་ཧི་ཧི་སྒྲ་སྒྲོགས་པས།།ཆོས་ཀྱི་རྒྱལ་པོ་ལ་སོགས་པ།།གཟིར་བཞིན་དུ
70b7 ནི་ར་སྨྲས་པ།།དཔའ་བོ་ཆེན་པོ་ག་ལ་ཅི།།དཔའ་བོའི་དགོངས་པ་བདག་གིས་བགྱི།།བདག་ཅག་བྲོག་གི་སྙིང་པོ་རྣམས།།ཚུལ་བཞིན་འབུལ་གྱིས་དཔའ་བོ་བེཞེས།།ལྷ་མོ




iiif viewer powered by OpenSeadragon

70a - 71a

Texts on this page

N426 - dpal gshin rje'i gshed nag po'i rgyud kyi rgyal po rtog pa gsum pa zhes bya ba
N427 - dpal gshin rje'i gshed nag po'i rgyud kyi rgyal po rtog pa gsum pa zhes bya ba