| | e-texts navigator
|
69b1 སློབ་མ་ཡིད་གཉིས་ཟ་གྱུར་ན།།དེ་ལ་དངོས་གྲུབ་རིང་བར་བཤད།།བླ་མཱ་མན་ངག་སྨྲས་བྱས་ཀྱང་།།སློབ་མ་ཡང་གཉིས་མོ་བཞིང་།།བླ་མོའོ་མན་ངག་དམ་པ་ཞེས།།གྲཙོས་སྨྲས།
69b2 བྱས་ན་འགྲུབ་པར་ངེས།།དེ་ཡི་ཕྱིར་ན་སྔགས་པ་ཡིས།།རང་གི་ཡིད་གཉིས་སྤང་བའི་ཕྱིར།།བླ་མ་མཉེས་པར་བྱ་བ་གཙེས།།བསྙེན་བཀུར་བྱས་པས་ནུས་མཐུ་ཆེ།།གསང
69b3 སྟི་བརྗོད་པས་བར་ཆད་མེད།།ཡོན་ཏན་ཕུལ་བ་བྱས་པས་ནི།།རང་སེམས་རིན་ཆེན་རྣམ་གཉིས་འགྱུར།།རིན་ཚོན་གཉིས་ལས་གྲུབ་པར་འབྱུང་།།དཀོན་པར་གྱུར་ན་སྔགས
69b4 པ་བརྗོད།།བསྔགས་ན་ཡོན་ཏན་འབྱུང་འགྱུར་ཏེ།།བསྔགས་པ་དག་ནི་མ་བྱས་ན།།ཇི་ལྟར་ཡིད་བཞིན་ནོར་བུ་ཡང་།།གང་གིས་བསྔགས་པ་མ་བྱས་ན།།དེ་ལ་འདོད་དོན
69b5 མི་སྟེ་རོ།།དད་པ་སངས་རྒྱས་དད་པ་ཆོས།།དད་པ་དགེ་འདུན་དད་པ་མ།།དད་པ་བླ་མ་དད་པ་ཕ།།དད་པ་ལམ་ཆེན་དད་པ་གྲུ།།དད་པ་ཡིད་བཞིན་ནོར་བུ་སྟེ།།དད་པ
69b6 གསང་སྔགས་དངོས་གྲུབ་ཉིད།རྒྱུ་དད་པ་བསོད་ནམས་ནོར་ཡིན་ཏེ།།དེ་ཡི་ཕྱིར་ནཱ་སྔགས་པ་ཡིས།།རང་སེམས་དད་པ་བསྐྱེད་པའི་ཕྱིར།།གཞན་ལ་གུས་པ་མཚིག་ཏུ
69b7 བཀུར།།རྫོགས་སྷོ།།།སྱཱདེ་ནས་གཞན་ཡང་བཤད་བྱ་བོ།།སྔགས་པས་རྟག་ཏུ་བརྟན་པ་ནི།།རུ་སྤོལ་འོ་མ་ཞེས་བྱ་བ།།དེ་བཞིན་འོད་ཀྱི་ལོ་མ་དང་།།
iiif viewer powered by OpenSeadragon
69a - 70a