e-texts navigator
Collection
Volume
Page
Wylie

69a1 ལྷོ་བསྐོར།།དྲུག་པ་བསྐུམ་གཉེན་རྩེ་གཅིག་བྱ།།བདུན་པ་ལས་ཀྱི་ལྷག་ཆད་བསྐང་།།གྲངས་ཀྱི་ལས་ལ་ཁྱད་པར་དུ།།ལས་ཀྱི་གཙོར་ནི་གང་སྒྲུབ་དེའི།།
69a2 འཁོར་ལོ་བསྐོར་བ་ཉི་མ་བཞི།།ལས་ཀྱི་བྱེ་བྲག་འདི་ཤེས་ན།།ཞི་བས་འཇིགས་པ་བརྒྱད་ལས་སྐྱོབ།།རྒྱས་པ་སྟོན་དྲུག་དང་འབྱོར།།དབང་གི་མོས་པ་རྣམ་བཞིར་བསྒྱུར།།
69a3 དབྱེ་བས་གསང་སྡེ་བརྒྱད་དང་འབྱེད།།མནན་པས་དབང་པོ་དྲུག་འཆིང་བྱེད།།གཞན་ཡང་ཇི་ལྟ་དེ་བཞིན་དུ།།སྔགས་དང་རྫས་ཀྱི་སྦྱོར་བ་ལ།།དཔྱད་ན་དངོས་གྲུབ་མི
69a4 འགྲུབ་སྟེ།།གལ་ཏེ་ཡིད་གཉིས་ཟ་གྱུར་ཏམ།།བསམ་པ་འགྱུར་རོམ་དད་པ་ཉམས།།དེ་ཚེ་དངོས་གྲུབ་ཉེ་བ་ཡང་།།ཕྱིར་དེཟློག་འགྱུར་བར་གདོན་མི་ཟ།།དད་པ
69a5 བརྟན་པར་བསྒྲུབས་པས་ན།།ནམ་མཁའ་མེད་པར་གྱུར་ན་ཡང་།།སྔགས་ཀྱི་དངོས་གྲུབ་མེད་མི་སྲིད།།ལྷ་དང་དྲང་སྲོང་གིས་བཤད་པའི།།རིགས་སྔགས་བསླུ་བ་མི
69a6 སྐྱེད་ན།།འདོད་ཆགས་བྲལ་བས་བཤད་པ་ཡི།།གསང་སྔགས་སྦྱོར་བས་བསླུ་བ་ནི།།མ་བྱུང་འབྱུང་བར་མི་འགྱུརརོ།།ཆོས་ཉིད་བསམ་གྱིས་མི་ཁྱབ་པའི།།
69a7 དོན་ལ་ཐེ་ཚོམ་མེད་པ་ཡི།།མཁས་པ་ལ་ནི་དངོས་གྲུབ་ཉེ།།རྟོག་ཅིང་དཔྱོད་པའི་རྟོག་གེ་བ།།དེ་ལ་སྒྲུབ་པའི་དངོས་གྲུབ་རིང་།།མན་ངག་དམ་པ་བརྟན་བྱས་ཀྱང་།།




iiif viewer powered by OpenSeadragon

68b - 69b

Texts on this page

N426 - dpal gshin rje'i gshed nag po'i rgyud kyi rgyal po rtog pa gsum pa zhes bya ba