e-texts navigator
Collection
Volume
Page
Wylie

48a1 རི་སྩོགས་དང་།ཁྱུང་ཆེན་པོ་ལ་སོགས་པའི་ཤ་རྣམས་དངུལ་བར་བྱའོ།།ཤིན་ཏུ་མཉམ་པར་གཞུགས་པས་བཟའ་བ་དང་།སྒྲོན་མོ་དང་།སྦྱིན་སྲོག་དང་།
48a2 གཏོར་མའི་ལས་བྱའོ།།དཀྱིལ་འཁོར་གྱི་གྲཝ་ཐམས་ཅད་དུ་ཁྲག་གིས་ཆག་ཆག་བྱའོ།།དཔལ་རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང་གི་སྦྱོར་བ་ལ་གནས་པས་ལྷ་བ་ཤས་ཐམས་ཅད
48a3 དབུལ་བར་བྱའོ།།དེ་ནས་སྔགས་པས་སྔོན་དུ་སྐྱེད་པ་བྱས་སྟེ།བདག་ཞི་བར་གྱུར་པའི་ཤིན་ཏུ་འཐུན་པའི་གྲོགསོ་སམ།བདག་ཅིག་པུ་རྣམ་པར་སྣནི་མཛད་ཀྱིས་ལུས་བྱུགས་ཏེ།
48a4 གཅེར་བུར་རུང་ནུས་སྒྲ་བསིལ།མཚན་ཕྱེང་ན་ཅིང་ཏེའུ་ཀྲོལ་ལ་ཧ་ཧེ་ཞེས་བྱ་ཞིང་མཉམ་པར་སྟེ།རྡོ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་དངོས་གྲུབ་འདོད་པས་འཇུག་པ
48a5 རབ་ཏུ་ཞིམ་པའི་ཆུང་ལ་སོགས་པ་བཏུང་བ་དང་།གཟའ་བའི་རོ་རྣམས་དབུལ།།ཕྱི་ནས་དངོས་གྲུབ་དང་།དངོས་གྲུབ་མ་ཡིན་པ་ལ་དམིགས་ལ་དེའི་སྟེང་དུ་དཔལ་རྡོ་རྗེ་འཇིགས
48a6 བྱེ་ཆེན་པོ་མ་ཧེའི་གདོང་ཅན་བསམ་པར་བྱའོ།།དེའི་མདུན་དུ་གཡས་བསྐུམ་དུ་གནོས་ལ་ང་རྒྱལ་དྲང་བཅས་པས་སེམ་རྩེ་གཅིག་ཏུ་ཤྲཱི་ཏུ་མཉམ་པར་གཞག་པས་ཡི་གེ་བཅུ
48a7 པིའི་སྔགས་བཟླ་བར་བྱའོ།།དེ་ནས་འཇིགས་པ་ཆེན་པོ་བྱུང་ནི།དེ་ལ་སྔགས་པས་འཇིགས་པར་མི་བྱེ་ཏེ།གབ་ཏེ་འཇིགས་པར་གྱུར་ན།དེ་ལ་བགེགས་ཆེན་པོའི་བར




iiif viewer powered by OpenSeadragon

47b - 48b

Texts on this page

N424 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po