e-texts navigator
Collection
Volume
Page
Wylie

47b1 ཤིང་ལྔ་བཙུགས་པའོ།།དེ་དག་ནི་འཁོར་ལོའི་དབུས་སུ་མཚོན་མའི་ཕྱག་རྒྱ་ལྔའོ།།དེ་ནས་འཁོར་ལོའི་ཕྱི་རོལ་གྱི་ཕྱུག་རྒྱུ་རྣམས་ནཱ་ཤར་ཕྱོགས་ཀྱི་སྣམ་བུ་ལ་གྲི་གུག་དང་།མཚན
47b2 རྩེ་གཅིག་པོ་དང་།གཏུན་ཤིང་དང་།ཆུ་གྲི་དང་།རྡོ་རྗེ་རྩེ་གཅིག་པོ་དདེ།།ལྕགས་ཀྱུ་ལ་སོགས་པ་རྣམས་བྲིའོ།།ལྷོ་ཕྱོགས་ཀྱི་སྣམ་ལ་སྟེ་རེ་དང་།མདང་དང་།
47b3 ཁ་ཊྭཱ~ཾ་ག་དང་།དབྱིག་ཏོ་དང་།འཁོར་ལྷོ་དང་།རྡོ་རྗེ་ཞགས་པ་ལ་སོགས་པ་བྲིའོ།།ནུབ་ཕྱོགས་ཀྱི་སྣམ་བུ་ལ་རྡོ་རྗེ་དང་།རལ་གྲི་དང་།གླུ་རླུང་དང་།ཕུབ་དང་།གྲཝརྦྷ
47b4 དང་།དྲིལ་བུ་དང་།རླུང་གི་བ་དན་ལ་སོགས་པ་བྲིའོ།།བྱང་ཕྱོགས་ཀྱི་སྣམ་བུ་ལ་སྡིགས་མཛུབ་དང་།འཕེ་ནི་རྩེ་གསུམ་པ་དང་།གླང་པོའི་ལྤགས་པ་དང་།རྡོ་རྗེ
47b5 དྲང་།མདུང་དང་།མེ་ཐིབ་ལ་སོགས་པ་བྲིའོ།།སྒོ་བཞི་དང་གྲཝ་རྣམས་ལི་རོ་ལངས་ཆེན་པོ་བྲིའོ།།གལ་ཏེ་མཆོག་གི་དངོས་གྲུབ་འདྲིད་ན་མར་ཁུ་ཆེན་པོའི་མར་མེ་དབུལ།།
47b6 མཱི་དང་།བོང་བུ་དང་།རྔ་མོ་དང་།ཁྱི་དང་།ཝ་དང་།མེ་ཧེ་དང་།གླང་པོ་ཆེ་དང་།བ་ལིང་དང་།བ་མོན་དང་།ལྕག་དང་།རི་དགས་དང་།ཕག་པ་ལ་སོགས
47b7 པའི་ཤ་རྣམས་དབུལ་བར་བྱའོ།།གཞན་ཡང་བྱ་རྒོད་དང་།འུག་པ་དང་།བྱ་རོག་དང་།ཁྭ་དང་།ཆུ་སྐྱར་དང་།ཐིང་རོལ་དང་།བཞད་དང་།རྨ་བྱ་དང་།ཁྱིམ་བྱང




iiif viewer powered by OpenSeadragon

47a - 48a

Texts on this page

N424 - gshin rje gshed dgra nag po'i 'khor lo las thams cad grub par byed pa zhes bya ba'i rgyud kyi rgyal po