| | e-texts navigator
|
47a1 པོའི་རྡོ་རྗེའི་འཁོར་ལོའི་མིང་གྲི་རྒྱུད་འདིར་དབང་བསྐུར་བའི་རྣལ་འབྱོར་པས་དབང་དང་།དགུག་པ་དང་།བསད་པ་དང་།བསྐྲད་པ་དང་།དབྱེ་བ་དང་།རེངས་པ་དང་།
47a2 རལ་གྲི་དང་།མིག་སྨན་དང་།ས་འོག་དང་།རིལ་བུ་དང་།གསེར་འགྱུར་དང་།བཅུད་ཀྱི་ལེན་པ་དང་།ནོར་དང་།འབྱུང་པོ་དང་།རོ་ལངས་དང་།ཤ་ཟ་དང་།གནོད་སྦྱིན་དང་།
47a3 གནོད་སྦྱིན་མོ་དང་།ཀླུ་ལ་སོགས་པའི་ཆོ་ག་འདིས་བསྒྲུབ་པར་བྱའོ།།དེ་ལ་ཆོ་ག་ནི་དང་པོར་རེ་ཤིག་སྔགས་པས་རོ་བསྲེགས་པའི་ཐལ་ཆེན་གྱིས་ལུས་བྱུགས་ཏེ།མཚན་ཕྱེང་ན་གཙེ
47a4 བུ་སྤ་བསིལ་བ་བྱས་ལ་འཕགས་པ་མ་ཧེའི་གདོང་ཅན་གྱི་རྣལ་འབྱོར་གྱིས་དུར་ཁྲོད་ལ་སོགས་པར་དཀྱིལ་འཁོར་བྲིས་ཏེ།གྲུ་བཞི་པ་ལ་སྒོ་བཞི་པ།རྟ་བབས་བཞི་ཡིས་རྣམ་པར
47a5 རྒྱན།།དྲིལ་བུ་དར་གྱི་འཕན་ལ་སོགས།།མེ་ཏོག་ཕྲེང་བས་རྣམ་པར་ཀླུབས།།གྲཝ་རྣམས་དག་ནི་ཐམས་ཅད་དང་།།སྒོ་ཁྱོད་ཀྱི་ནི་ཕུག་དག་ཏུ།།རྡོ་རྗེ་རིན་ཆེན་གྱིས་སྨྲས་པ།།
47a6 ཟླ་བ་ཕྱེད་པ་དེ་བཞིན་ནོ།།དེ་དབུས་འཁོར་ལོ་བྲི་བ་ནི།།རེའུ་མིག་དགུ་པ་ཟླུམ་པོའོ།།སྒོ་གཅིག་པ་ནི་དབྱེ་བར་བྱ།།ལྷག་མ་ཡོངསུ་བཅད་པར་བྱ།།དེ་དབུས་མི་རོ་བྲི་བར
47a7 བྱེད་ཤར་དུ་མགོ་བོ་ལྷོར་ལགས།།ནུབ་ཏུ་རྒྱུ་མ་བྱང་དུ་རྐང་པ་གཉིས།།ཤར་གྱི་གྲར་ཐོད་པ།ལྷོར་ཐོད་ཚོལ།ནུབ་བྱང་དུ་དུར་ཁྲོད་ཀྱི་རས།བྱང་ཤར་དུ་སྐྱེས་བུ་གས
iiif viewer powered by OpenSeadragon
46b - 47b