e-texts navigator
Collection
Volume
Page
Wylie

16a1 གནས་འདྲེན།།ཆུ་བརྒྱུད་ཏོང་འཛིན་ལ་གནས་ཏོ།།དེ་ཚོ་འཁོར་གྱིས་འདི་སྐད་བསྟོད།།ཆུབ་རྒྱུད་འཁོར་མོའི་བདག་ཉིད་ཆེ།།རྟགྲ་པ་ཆུ་ཡི་དཀྱིལ་འཁོར་ཅན།།
16a2 འབྱུང་བའི་གཙོ་བོའི་ཆུ་ཡི་བདེན།ཆུ་བརྒྱུད་མངའ་བྲང་གེ་ཁྱོད་ཕྱག་འཚལ།།རླུང་བརྒྱད་ཏིང་འཛིན་ལ་གནས་ནས།།མདོར་ཞིང་འཐུང་པོའི་བདག་ཉིད་ཆེ།།རླུང་ཆེན་དྲག་པོ་རྒྱ་ལ་ཤུ
16a3 ལྡན།།རླུང་ལྷ་གོས་སྔོན་ཁྱོད་ཕྱག་འཚལ།།ས་ཡི་ཏིང་འཛིན་ལ་གནས་ནས།།མི་གཡོ་བརྟན་པའི་ལས་མཛད་པ།།གསེར་ལྡན་རོལ་མོ་སྣ་ཚོགས་ལྡན།།ས་བརྒྱད་འཁོར་ལོ་།
16a4 ཕྱག་འཚལ།།ལེའུ་བེཅུ་གསུམ་བྱའོ།།།།དེ་ནས་དཔལ་ལྡན་གོས་སྔོན་ཅན།།ཕྲ་མོའི་ཏིང་འཛིན་ལ་གནས་ནས།།འཁོར་གྱི་གནོད་སྦྱིན་མེང་པོ་ཀུན།།ཤིན་ཏུ་ཡིད་དག
16a5 དད་པ་ཞུས།།ཕྲ་མོའི་ཐིག་ལེ་ཆེན་པོ་ཡིས།།ཅིར་སྣང་དངོས་པོ་གཅིག་ཏུ་འདུས།།དེ་ཉིད་མཐའ་འདས་རང་བཞིན་མེད།།དེ་ནས་དཔལ་ལྡན་གོས་སྔོན་ཅན།།འདོད་ཆགས་ཏི
16a6 འཛིན་ལྔ་གནས་བས།།འཁོར་གྱི་གནོད་སྦྱིན་མང་པི་ཀུན།།སྔགས་དང་དུས་དང་བརྒྱལ་བཱ་ལུས།།བསླང་ཏེ་བླ་མེད་དོན་བསྟན་པས།།ཐོད་འདོད་ཆགས་མངོན་སངས་རྒྱས།།
16a7 འཁོར་གྱི་སྐུ་ལ་མངོན་པར་བསྟོད།།ཀྱེ་ཧོ་གི་སེང་བདག་གིས་སྔོན་ཅན།།བླ་མེད་རྫོགས་པའི་ཀློང་དཀྱིལ་ནི།།འདོད་ཆགས་དགེ་བའི་བློ་ལྡན་པས།།མངོན་པར་སངས་རྒྱས་ཁྱོད




iiif viewer powered by OpenSeadragon

15b - 16b

Texts on this page

N414 - lag na rdo rje gos sngon po can gyi cho ga rdo rje be con gyi rgyud