e-texts navigator
Collection
Volume
Page
Wylie

15a1 ཕྱིར་དགུག་པའི་སྔགས་ནི་བཤད་པར་བྱ།།བཛྲ་པཱ་ཎི་མ་ཧཱ་ཡཀྵ་ནཱི་ལཱ~ཾ་བ་ར་ནཱ་ག་ཧཱུ~ཾཿགྲྀཧྞ་གྲྀདྡྷ་ཧཱུ~ཾ་ཕཊ།ཱ་ཀཱཪྵ་ཡ་མཱ་ཀཪྵ་ཡ་ཧཱུ~ཾ་ཕཊ།བཱསམྦ་གཏན་དྲག་ངས།
15a2 བཟླས་པ་བྱ།།བཟླས་པ་འདི་ལ་རབ་འབད་བྱ།།ཀླུ་རིགས་དུ་མི་ཐམས་ཅད་ཀུན།།འགུགས་འགྱུར་འདི་ལ་གཞན་དུ་མིན།།ཇི་སྲིད་འགུགས་པཱའི་ཏིང་འཛིན་གྱིས།།ཁུགས
15a3 པར་གྱུར་པའི་ཀླུ་རྣམས་ཀུན།།ཟངས་གཞོང་ནང་དུ་སྤྱན་དྲངས་ཏེ།།ཁྲོ་བོའི་ཆེ་བ་བརྗོད་ནས་ནི།།དམ་ཚིག་བསྲེ་ཞིང་དུག་རྣམས་གཞོམ།།སྨན་གྱི་མཆོག་གིས་གསོས་ནས་ནི།།
15a4 གླང་གནོད་ཕྱོགསུ་གཤེགསསུ་གསོལ།།ལེའུ་བཅུ་པོའོ།།།།དེ་ནས་གཞན་ཡུད་བཤད་བྱ་སྟེ།།ཞི་བའི་ལས་ཀྱིས་མི་འདུལ་བའི།།ཀླུ་གཟིང་དྲག་སྔགས་བསྟན་པར་བྱ།།
15a5 ཨོཾ་བཛྲ་པཱ་ཛཱི་མ་ཧཱ་ཡཀྵ་ནཱི་ལཱཾ་བཱ་ར་ནཱ་ག་ཧ་ནཱ་ཧ་ན་ཧཱུཾ་ཕཊ།ནཱ་ག་དྲ་ཧཱ་ད་ཧ་ཧཱུཾ་ཕཊ།ནཱ་ག་སྥོ་ཊ་སྥོ་ཊ་ཧཱུཾ་ཕཊ།ནཱ་ག་བི་སྥོ་ཊ་ཡ་བི་སྥོ་ཊ་ཡ་ཧཱུ~ཾ་ཕཊ།ནཱ་གཱ་གརྫྫ་གརྫྫ་ཧཱུཾ་ཕཊ།ནཱ་ག་བྷིནྡ་བྷིནྡོ
15a6 ཧཱུཾ་ཕཊ།བསམ་གཏན་རྡོ་རྗེ་ཐོགས་པ་ཡིས།།གདུལ་བའི་སྟེང་ན་གདབ་པར་བྱ།།འོག་ཏུ་མི་ཡི་འཁོར་ལོ་བསམ།།མི་ཕུང་ཆེན་པོའི་ཏིང་འཛིན་གྱིས།།མེ་འབར་ཀློག
15a7 ཆེན་དཀྱིལ་དུ་གཟིར།།ཡུངས་ཀར་ཡུངས་ནག་སྐེ་ཚེ་ཡིས།།བརྡེག་ཅིང་ཁྲོ་བོའི་སྦྲུལ་པོ་སྨྲེ།།ཁྭ་སྤྱད་ལ་སོགས་རྩ་ལྔའི་གསོབ།།གཅན་ཟན་སྣ་ཚོགས་མཆེ་སྡེར་དང་།།མཆུ་སྡེར་དབབ




iiif viewer powered by OpenSeadragon

14b - 15b

Texts on this page

N414 - lag na rdo rje gos sngon po can gyi cho ga rdo rje be con gyi rgyud