e-texts navigator
Collection
Volume
Page
Wylie

13b1 །ཁུང་དབྱིབས་ནི་ལཱམ་བཞི་སྟེ།།ཤིང་ནི་རིགས་དང་སྦྱར་བར་བྱ།།ཞི་ལ་དཀར་པོའི་ཤིང་རྣམས་ཏེ།།རྒྱས་ལ་གསེར་ཤིང་ལ་སོགས་པའོ།།དབང་ལ་སོང་ལྡན་ཤིང་བསྲེགས་ཏེ།།དྲག་པོནི།
13b2 ཚེར་མཚོན་གྱི་ཤིང་།།གཞིན་གྱི་ཙན་དྲན་ཤིང་ལས་བྱ།།ཐོང་ཁུང་འདབ་བརྒྱད་དབྱིངས་ཡིན་ཏེ།།དི་དྷི་ས་ཡ།ུཙྪ་ཏཱ་ནི།མོ་ཧ་ཡ་མོ་ཧ་ཡ།སྭམྦྷ་ཡ་སྟམྦྷེ་ཡ།ུད་མེན།ུད་མ་ནེ།ཱ
13b3 ཀཪྵ་ཡ་ཨཱ་ཀནྡྷ་ཡ།བ་ཤཾ་ཀར་ཁ་ཤ~ཾ་ཀཱ་ར།རཀྵ་ཡ~ཾ་ཀཱ་ཡ།མོ་ཧཱ་བྷཱ་ཡ།སརྦཾ་ཀརྨ་ཀུ་རུ་ཧཱུ~ཾ་ཕཊ།ལེའུ་སྟེ་དྲུག་པའོ།།།དེ་ནས་དཔལ་ལྡན་རྡོ་རྗེ་འཛིན།།གདུལ་དཀའ་བྲན།
13b4 གདུམ་པའི་མཆོག།གསང་བའི་བདག་པོ་གོས་སྤྲིན་ཅན།།དྲག་པོ་ཆེན་པོ་རབ་འབར་བའོ།།ཏིང་འཛིན་ལ་སྙོམས་ཞུགས་ནས།།འཁོར་གྱི་ཀླུ་ཚོགས་དབང་བསྡུས་ཏེ།།ཉོན་རྣམས་བཟློག
13b5 པའི་ཚེ་གར་གསུངས།།གནས་ཁང་རིམ་པ་གསུམ་དག་ལ།།ཕྱི་རོལ་སྨྲེ་བསྲེགས་དཔྲལ་བར་བྱ།།བར་དུ་ཕྱི་ནང་ཁྲུས་བྱས་ཏེ།།མཉེས་པའི་ལས་ཀྱང་ཅི་ནུས་བྱས།།ནང་དུ་བུ་པའི་དབང
13b6 བསྐུར་བས།།ཉིན་རྣམས་བཟློག་ལ་ཐེ་ཚོམ་མེད།།ཀྱེ་ཧོ་ཉེན་རྣམས་འདུལ་བའི་མཆོག།ོཾ་མ་གསང་ཚན་དྲག་པོ་ཆེ།།ེ་མ་མ་རུངས་འཇིགས་པ་ཅན།།ེ་མ་གསང་སྔགས་རྣལ
13b7 འབྱོར་ཆེ།།ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ།།ཕྱོགས་བྲལ་ཁྲོ་བོ་ཁྱོད་ཕྱག་འཚལ།།ལེའུ་བདུན་པའོ།།།།དེ་སྐད་ཅེས་གསུངས་ནས་འཁོར་ཐཾད་དགའ་བའི་རྗེས་ལེ་འདི་སྐད




iiif viewer powered by OpenSeadragon

13a - 14a

Texts on this page

N414 - lag na rdo rje gos sngon po can gyi cho ga rdo rje be con gyi rgyud