| | e-texts navigator
|
13a1 པར་གྲུབ་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ།འད་སྐད་ཅེས་གསུངས།།ོཾ་བཛྲ་པཱ་ནི་མཧཱ་ཡཏྟཱ་ནཱ~ཾ་ལཱ~ཾ་བཱ་ར་དྭ་ཧ་ནི་བཛྲ་དྷཱ་ཕཊ།གང་ཏིང་འཛིན་རྣལ་འབྱོར་དོ།།
13a2 ཉེས་པ་ཀུན་ལས་རབ་ཏུ་ཐར།།ལེགས་པའི་ཡོན་ཐམས་ཅད་ཐོབ།།འབྲས་བུ་ཡང་དག་མངོན་པར་འགྲུབ།།སྔགས་ནི་གང་ཡིན་མེང་ཡིན་ཏེ།།གདུལ་བྱའི་མཐའ་དང་ལྡན་པ་ལ།།
13a3 མཐའ་མ་ལས་སྦུབས་མཐའ་དང་ལྡན།།ལེའུ་བཞི་པའོ།།།།དེ་ནས་གོས་སྔོན་པོ་ཅན་འཁོར་ལོ་མངོན་པར་གྲུབ་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ་འདི་སྐད་ཅེས་གསུང
13a4 སོ།།འབྱུང་བཞིའི་སངས་རྒྱས་རབ་བསྒོམ་ནས།།སོ་སོ་ལས་ཀྱིས་སྒོམ་པ་ནི།།མོ་བརྒྱད་རླུང་གཉིས་ལྡན་པར་བསམ།།ཆུ་བརྒྱད་དངོས་པོ་གཉིས་ཡིན་ཏེ།།དེ་བཞིན་ས་བརྒྱད་ཧཱུཾ།
13a5 འབྲས་ལྡན།།རླུང་བརྐྱང་མེ་གཉིས་ལྡན་པ་སྟེ།།འབྲས་བུ་རིམས་ཀྱིས་གནོད་སྦྱིན་གཙོ།།གྲུབ་པ་སྔགས་བཞིན་མངོན་པར་འགྲུབ།།ེ་དང་སོ་སོའི་མཐའ་དང་ལྡན།།མ་ལ
13a6 གོང་མས་མངོན་པར་འགྲུབ།།རྒྱུན་རྩེ་བའི་གསང་སྔགས་བཟླས།།ལེའུ་ལྟ་པོའོ།།།།དེ་ནས་འཕགས་པ་གོས་སྔོན་གྱིས།།ལས་བཅུ་མངོན་པར་གྲུབ་པ་ནི།།ཏིང་འཛིན
13a7 ལ་སྙོམས་ཞུགས་ནས།།ལས་བཅུའི་སྦྱིན་སྲེག་འདི་གསུངས།།ཞི་ལ་ཤཱནྟིཾ་ཀུ་རུ་སྟེ།།རྒྱས་པ་པུཥྚིཾ་ཀུ་རུའོ།།དབང་ལ་བེ་ཤཾ་ཀུ་རུའོ།།དྲག་པོ་མཱ་ར་གསུམ་པར་ལྡན།།ཐབ
iiif viewer powered by OpenSeadragon
12b - 13b