| | e-texts navigator
|
155b1 དང་ཐུགས་ཞུགས་པར་གྱུར་ཏུ།།དེ་ནས་དེ་བཞོན་གཤེགས་པ་ས་ཛ་རྣམ་པར་སྣང་མཛད་ཁམས་གསུམ་ཐམས་ཅད་ཀྱི་དུས་རྡོ་རྗེལ་གནས་ཤིང།དེ་བཞིན་གཤེགས་པ་ཐམ
155b2 ཀྱི་སྐུ་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ།།དེ་ནས་དེ་བཞིན་གཤེགས་པ་གསུང་རྡོ་རྗེ་ཁམས་གསུམ་ཐམས་ཅད་ཀྱི་ངག་རྡོ་རྗེ་ལ་གནས་ཤིང་།དེ་བཞིན་ག
155b3 པ་ཐམས་ཅད་ཀྱི་གསུང་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ།།དེ་ནས་དེ་བཞིན་གཤེགས་པ་ཕྱག་ན་རྡོ་རྗེ་ཁམས་གསུམ་ཐམས་ཅད་ཀྱི་སེམས་རྡོ་རྗེ་ལ་གནས་ཤིང་།
155b4 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་མཉམ་པ་ཉིད་ལ་དམིགས་ནས་ཅང་མི་གསུང་བར་གྱུར་ཏོ།།དེ་སྐད་ཅེས་བཀའ་སྩལ་ཏོ།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང
155b5 གསུང་དང་ཐུགས་ཀྱི་གསང་བ་གསང་བ་འདུས་པ་ལས།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་དང་སྡོམ་པ་རྡོ་རྗེའི་བྱིན་གྱིས་བརླབས་ཀྱི་རྒྱལ་པོ་ཞེས་བྱ་བའི་ལེའུ་སྟེ་བཅུ་བདུན
155b6 པའོ།།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གསང་ཞིང་རབ་ཏུ་གསང་བ་ཞེས་བྱ་བ་རྟོག་པ་ཆེན་པོའི་རྒྱལ་པོ་རྫོགསོ།།།རྒྱ་གར་གྱི་མཁྱེན
155b7 པོ་ཤྲདྡྷ་ཀ་ར་ཝ་ཪྻ་དང་།ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།རྒྱ་གོར་གྱི་མཁན་པོ་ཤྲཱི་ཛྙཱ་ན་ཀ་ར་བས་བཤད་ནས།ཞུ་ཚོན་གྱི་ལོ་ཙྪ་བ
iiif viewer powered by OpenSeadragon
155a - 156a