e-texts navigator
Collection
Volume
Page
Wylie

154b1 དག་ཐམས་ཅད་ལ་འདི་སྐད་ཙཱས་བཀཱའ་སྩལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཆོས་བྱམས་ཅད་ཀྱི་མཉམ་པ་ཉིད་མཐོང་ངམ།དེ་ནས་དེ་བཞིན་གཤེགས་པ།
154b2 ཐམས་ཅད་ཀྱིས།ཕྱག་ནི་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས
154b3 གྱི་སྤྱོད་པ་མཐོང་ལོགསོ།།བདེ་བར་གཤེགས་པ་མཐོང་ལགསོ།།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཙུན
154b4 མོའོ་བྷ་ག་ལས་མདོ་པ་བྱུང་ནས།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཕྱག་ནི་རྡོ་རྗེ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ།།གང་འདོད་ཆགས་ཀྱི་ཡི་གེའི་ཚིག་གིས་སངས་རྒྱས
154b5 ཀྱི་བྱང་ཆུབ་རྗེསུ་རྟོགས་པོ་དེ་ནི་བཅོམ་ལྡན་འདས་ངོ་མཚར་ཏོ།།བདེ་བར་གཤེགས་པ་ངོ་མཚར་ཏོ།།དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས
154b6 དེ་བཞིན་གཤེགས་པ་ཐམས་ཅད་ལ།འདི་སྐད་ཅེས་གསུང་སོ།།བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དོ་སྐད་མ་ཟེར་ཅིག།དེ་ཅིའི་ཕྱིར་ཞེ་ན།ཆོས་ཐམས་ཅད་ནི་རྣམ
154b7 རྡོ་རྗེ་དེམ་ཚིག་དང་མཚུངས་པའི་ཕྱིར།གཟུགས་ཀྱི་ཕུང་པོ་མ་ཡིན་ཚོར་བའི་ཕུང་པོ་མ་ཡིན།འདུ་ཤེས་ཀྱི་ཕུང་པོ་མ་ཡིན་འདུ་བྱེད་ཀྱི་ཕུང་པོ་མ་ཡིན་རྣམ་པར་ཤེས་པའི་ཕྲེང་བ་མ




iiif viewer powered by OpenSeadragon

154a - 155a

Texts on this page

N405 - rgyud phyi ma