e-texts navigator
Collection
Volume
Page
Wylie

154a1 མགོན་བོ་གལ་ཏེ་དེ་རིང་བདག་ན་གསོན་པར་མཆིས་བཞེད་ན།ཡོན་ཏན་རིན་ཆེན་མང་པོའི་གཏེར་གྱུར་པདྲུག་ལ་དགྱེས་པར་མཛད་དུ་གསོལ།།དེ་ནས
154a2 བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་འདོད་ཆགས་ཐམས་ཅད་ཉེ་བར་ལོངས་སྤྱོད་དེའི་རྡོ་རྗེའི་དཔལ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས།དེ་བཞིན
154a3 གཤེགས་པ་ཐམས་ཅད་ཀྱི་བཙུན་མོ་དེ་དག་ལ་དམ་ཚིག་གི་འཁོར་ལོས་འདོད་པ་སྤྱོད་ཅིང་ཙོང་མི་གསུང་བར་གྱུར་ཏོ།།དེ་ནས་ན་མཁའི་དབྱིངས་འདི་དག་ཐམས་ཅད་ལ་དེ
154a4 བཞིན་གཤེགས་པ་ཐམས་ཅད་ཀྱི།སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དམ་ཚིགི་ཁུ་བས་ཡོངསུ་གང་སྟྭ~ཾ།བུམ་པོ་རྡོ་རྗེ་ཆུས་གང་བ་ལྟར་གནས་པར་གྱུར་ཏོ།།དེ་ནས་རྡོ་རྗེ་ནམ
154a5 མཁའི་དབྱིངས་འདི་ན་གང་སེམས་ཅན་སྐུ་གསུམ་གྱི་དམ་ཆོགཱ་ལུས།ཡང་དག་པར་བྱུང་བ་དེ་རྣམས་རྡོ་རྗེའི་དཔལ་གྱིས་རེག་ནས།ཐམས་ཅད་དེ་བཞིན་གཤེགས་པ་དགེ
154a6 བཅོམ་པ་ཡོང་དག་པར་རྫོགས་པའི་སྣང་མི་རྒྱས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཅན་དུགྱུར་ཏོ།།ད་ན་སྡེ་བ་མས་ཏེ་སེམས་ཅན་ཐམས་ཅད་ཀུན་ཏུ་བཟང་པོ་ཀུན་ཏུ་བཟང་པོ་ཞེས
154a7 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེས་དབང་བསྐུར་བར་གྱུར་ཏོ།།དེ་ནས་དེ་བཞིན་གཤེགས་པ་ཕྱག་ནི་རྡོ་རྗེས་དེ་བཞིན་གཤེགས་པ་དེ




iiif viewer powered by OpenSeadragon

153b - 154b

Texts on this page

N405 - rgyud phyi ma