| | e-texts navigator
|
153b1 མཆོད་པའི་མཆོག་གི་ཡི་གེའི་ཆོ་ག་འདིས་ཡང་དག་པར་བསྟོད་དོ།།རྡོ་རྗེའི་སྐུ་ཁྱོད་བཀའ་ཡི་འཁོར་ལོ་སེམས་ཅན་ཀུན་ལ་ཕན།སངས་རྒྱས་དོན་དུ་བྱང་ཆུབ་དོན་དམ་རྗེསུ་ཕན་སྟོན
153b2 པ།།མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ནི།།འདོད་ཆགས་དམ་ཚིག་ཆགས་པས་བདག་ལ་དགྱེས་པར་མཛད་དུ་གསོལ།།དེ་ནས་བཅོམ་ལྡན
153b3 འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ།འཇིག་རྟེན་གྱི་དབང་ཕྱུག་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་སྤྱན་གྱིས།རྡོ་རྗེ་འཛིན་པ་ཆེན་པོ་ལ་འདོད་པ་ལ
153b4 ཉེ་བར་ལོངས་སྤྱོད་པའི་དམ་ཚིག་གིས་ཡང་དག་པར་བསྟོད་པ།།ཁྱོད་ནི་རྡོ་རྗེའི་གསུང་སྟེ་ཀུན་ལ་ཕན་ཞིང་ཐུགས་བརྩེ་བོ།།འཇིག་རྟེན་དག་གི་དགོས་པའི་དོན་མཛད་པ་ལ་རྟག
153b5 ཏུ་བརྩོན།།མགོན་པོ་གལ་ཏེ་དེ་རིང་བདག་ནི་གསོན་པར་མཆིས་བཞེད་ན།རབ་དགའི་སྤྱོད་པ་ཀུན་ཏུ་བཟང་པོ་བདག་ལ་དགྱེས་པར་མཛོད་དུ་གསོལ།།དེ་ནས་དེ་བཞིན་གཤེགས
153b6 པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་དམ་ཚིག་རྡོ་རྗེའི་བཙུན་མོས།བཅོ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པ་རྡོ་རྗེ་འཛིན་ཆེན་པོ་ལ།དེ་བཞིན་གཤེགས་པ
153b7 ཐཾད་ཀྱི་བདེ་བ་དང་ཡིད་བདེ་བའི་དགའ་བ་འདིས་བསྟོད།།ཁྱོད་ནི་རྡོ་རྗེ་འདོད་པ་དམ་ཚིབ་མཆོག་གི་ཕན་དོན་ཆེ།།ཡང་དག་རྫོགས་སངས་རྒྱ་སྐྱི་གདུང་མཆོག་མཉམ་པ་ཉིད་གཟིགས་པ།།
iiif viewer powered by OpenSeadragon
153a - 154a