e-texts navigator
Collection
Volume
Page
Wylie

269b1 མ་གང་ཞིག་སྒྲོམ་བྱུང་བྱ།།དུས་ནི་སྣ་ཚོགས་གཏེར་དང་གསོད་དང་དངུ་ལྷ་དང་རྣ་ཆ་དང་།།གོས་ལྷ་སོགས་པའི་ནོར་རྣམས་ཀུན་ལ་ཆོད་དུ་གང་བསྣམས་པ།།སེམས་ཀྱིས་ཐམས
269b2 ཅད་མ་ལུས་ཀུན་ནོས་ལོངས་སྤྱོད་བྱེད།།རྒྱལ་པོ་ལས་ནི་རྒྱལ་སྲིད་དབང་པོའི་ཡུལ་འདས་པ་ཡི་ཤིང་ལས་འབྲས་བུ་དང་།།ཀླུ་དང་ཀླུ་ཆུང་རྒྱ་མཚོ་རྣམས་ལས་ཆུ་རྣམས་འགུགས།།
269b3 སྔགས་དང་ལྡན་པ་འཐུང་ཞིང་ཟོས་ལ་སྔགས་ཀྱིས་དག་པར་བྱེད།།སྐྱེ་བོ་སྔགས་མེད་པར་ནི་ལོངས་སྤྱོད་གྲུབ་པ་མེད།།ནགས་སྐྱེས་གླང་པོ་རྟ་མཆོག་རི་དགྲས་དང་ལྡན་པ།།དྲུག་བཅས
269b4 གདེངས་ཀ་ཅན་གྱི་སྦྲུལ་མཆོག་དང་།།ཆུ་སྲིན་ཆུ་གླང་སྟག་དང་བསོ་དག་དེང་།།རང་གི་སྔགས་ཀྱི་སྟོབས་ཀྱིས་བཀུག་ནས་ནི།།ཞོན་ཡང་ངོ་མཚར་མེད་པར་བྱས་པའི་མིག་དག
269b5 གིས།།བལྟ་བར་གལ་ཏེ་གསང་སྔགས་གྲུབ་པ་དྲི་ཡིས་མཐོང་བར་འགྱུར།།གལ་ཏེ་སྙིང་རྗེའི་ལྟ་བས་འཇིག་རྟེན་འདི་ལྟར་སྡུག་བསྔལ་བས།།རྒུད་པར་གྱུར་པའི་མི་མཉམ་པ
269b6 ལ་སྔགས་པ་དེས།།ཡིད་བཞིན་ནོར་བུ་བཞིན་དུ་འཇིག་རྟེན་ལ་ཕྲན་སྒྲོལ་མ་ཡིན།།འཇིག་རྟེན་མ་ལུས་སྒྲོལ་མར་བྱེད་ཅིང་ཞིང་རི་བྱུང་།།བདུད་རྣམས་བཅོམ་ནས་ནོར་གྱི་ཆུ་ཆུན
269b7 འབེབས་པར་བྱེད།།དཔག་བསམ་ཤིང་དུ་གྱུར་ནས་འགྲོ་རྣམས་ཅི་འདོད་སྦྱིན་པར་བྱེད།།ནོར་གྱི་དབང་ཕྱུག་མ་ལུས་པ་ཡི་ནོར་རྣམས་ཀུན་བཀུག་ནས།།སེམས་ཅན་མ་ལུས




iiif viewer powered by OpenSeadragon

269a - 270a

Texts on this page

N399 - 'phags pa sgrol ma ku ru ku lle'i rtog pa