e-texts navigator
Collection
Volume
Page
Wylie

268b1 འདོད་པའི་ལྷའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ།།དེ་ལ་པདྨ་དམར་པོའི་གདན་ནོ།།དེ་ལ་གནས་པའི་སྣ་ཚོགས་པའི་ཆ་བྱད་ཅན་གྱི་བཅོམ་ལྡན་འདས་མ་བྲིས་ལ།།རས་རྙིས་རབ་ཏུ
268b2 གནས་པ་བྱའོ།།དེའི་མདུན་དུ་མཆོད་པ་རྣམ་པ་བཅོ་བརྒྱད་བྱས་ལ་ཡར་གྱི་ངོ་ཚས་བརྒྱད་ཟླ་བ་ཉིའི་བར་དུ་བཟླས་པར་བྱའོ།།སྒྲོལ་མའི་སྙིང་པོ་ནི་འདི་ཡིན་ཏེ།།ོཾ་ཀུ་རུ་ཀུམྦ།
268b3 ཧྲཱིཿཧཱུཾ་སྭཱ་ཧཱ།།ཞེས་བྱ་བའི་སྔགས་སོ།།དེ་ནས་སྔོན་དུ་བསྙོན་པ་འབུམ་ཙམ་བྱས་ལ།།ཡང་སྟོན་ཟླ་ཐ་ཚུངས་སམ།།དཔྱིད་ཟླ་འབྲིང་པོ་འམ།དབྱར་ཟླ་འབྲིང་པོའི་སངས་རྒྱས
268b4 ལེ་མཆོད་པའི་དུས་ཚོགས་ཀྱི་ཉིན་པར་ཐོ་རངས་ཀྱི་ཁྲུས་བྱིས་ལཾ་གསོ་སྦྱོང་བཟུང་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ།ཉན་ཐོས་ཀྱི་དགེ་འདུན་མཆོད་སྟོན་གསོལ།།དེ་ནས
268b5 ཐེག་པ་ཆེན་པོ་གསང་སྔགས་པའི་ཚོགས་མཆོད་སྟོན་བྱས་ནས་ཡོན་ཕུལ་ལ།།དཔུས་མོ་གཡས་པའི་ལྷ་ངེ་ས་ལ་བཙུགས་ནས།།བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་ཇི་ལྟར
268b6 འདོད་པའི་དངོས་གྲུབ་བླང་བར་བྱའོ།།ཉན་ཐོས་ཀྱི་དགེ་འདུན་གང་ན་བཞུགས་པ་དང་།།ཐེག་པ་ཆེན་པོ་ལ་དགའ་བའི་ཚོགས་རྣམས་ལ་ཕྱག་བྱས་ནས་བཟོད་པར་གསོལ་ཏེ།དང
268b7 ན་བཅོམ་ལྡན་འདས་མའི་རས་རིས་བཀྲམ་པའི་ཕྱོགས་དང་ཉེ་བར་སོང་ལ།དངོས་གྲུབ་གང་འདོད་པའི་དོན་དུ་རིག་པ་འཛིན་པས་བསམ་གཏན་དང་ལྡན་པར་གནས་ལ་ཡི་གེ་གྲངས




iiif viewer powered by OpenSeadragon

268a - 269a

Texts on this page

N399 - 'phags pa sgrol ma ku ru ku lle'i rtog pa