e-texts navigator
Collection
Volume
Page
Wylie

267b1 གནོད་སྦྱིན་ཆུང་མ་རི་ཡི་བུ་མའི་བུ་དག་ནི།།གང་ཡིན་བདག་ཅག་སྐྱབས་མེད་ཅེས་ནི་འདི་སྐད་སྨྲས།ག་པྱི་རྒྱན་མེད་སྐྱབས་གྱུར་སངས་རྒྱས་བསྟན་པ་འདིར།།མགོན་མེད་མགོན་གྱུར་འཛུ།
267b2 མགོན་པ་ཁྱུད།།བད་བ་བསྐྱེད་ཅིང་ངོ་མཚར་ཆེ་གྱུར་གང་།།མགོན་པོ་ཚོགས་ཀྱི་ཚིག་དབང་འདི་ཐོས་ནས།།ཉིད་ཀྱི་དང་དུ་བྱེད་པའི་གསང་སྔགས་གསུངས།།སྔགས་ཀྱི་རྒྱལ
267b3 བུད་མྱེད་ཀུན་ཐོབ་པསྟེ།།མཐོར་ཐུག་སངས་རྒྱས་བདེ་བ་དུ་མ་འབྱུང་།།རྡོ་རྗེ་རིག་པས་ཁམས་ཀྱང་འཛག་པར་འགྱུར།།ཟུར་གྱིས་ལྕི་བར་བྱེད་པས་ལྟ་བྱེཔྱོད་ཅིང་།།རྐང་པ་དག་ཀྱང་ས་ལ
267b4 ཅོམ་འདང་།།འདོད་ཆགས་ཤིན་ཏུ་བདེ་བས་ཁུ་འབའ་ཚེ།།འདི་ལྟར་མཐོང་ནས་ལྷ་ཡི་བུ་མོ་ལ།།འགྲོ་བ་དབང་བྱེད་གུ་རུ་ཀུལླེའི་སྔགསོ།།རས་རིས་བྲིས་ན་གསང་སྔགས་སྒྲུབ
267b5 པའི་ཕྱིར།།དུས་ལ་བབ་པའི་ཚིག་འདི་མགོན་སྨྲོས་ཞེས།།དེ་ལྟར་བཅོམ་ལྡན་འཇིག་རྟེན་མགོན་པོས་གསུངས།།དེ་ཚེ་འཇིག་རྟེན་དབང་ཕྱུག་ལས་རྣམས་རབ་ཏུ་གསུངས།།ཀུ་རུ་ཀུལླེའི
267b6 རི་མོའི་ལུགས།།གང་ཞིག་བྲིས་པ་ཙམ་གྱིས་ནི།།སྒྲུབ་པ་པོ་ཡིས་འབྲས་ཐོབ་པ།།དེ་ནས་ཡང་དགུ་བཤད་པར་བྱ།།རི་མོ་མཁན་ནི་གང་ཞིག་གིས།།ཆོས་གྲངས་གང་དང་དུས་དང་ལ
267b7 སྒྲོལ་མ་འབྱུང་ལས་བཤད་པའི་བཞིན།།དེ་ནི་བདག་གིས་བཤད་པར་བྱ།།རི་མོ་མཁན་ནི་གང་ཞིག་གིས།།གང་གི་མིག་ནི་དམར་འགྱུར་ཞིང་།།ལག་པ་དེ་བཞིན་ནང་པ་དམར།།བྱ




iiif viewer powered by OpenSeadragon

267a - 268a

Texts on this page

N399 - 'phags pa sgrol ma ku ru ku lle'i rtog pa