| | e-texts navigator
|
267a1 དོན་དུ་རྣལ་འབྱོར་པ།།རྒྱས་པར་བསྟན་པའི་རྒྱུད་ལས་བསྡུས་བྱས་ནས།།རྟོག་པ་འདི་ནི་འཇིག་རྟེན་དབང་ཕྱུག་གསུངས།།བྱང་ཆུབ་སེམས་དཔའ་ཐམས་ཅད
267a2 མཉན་པར་གྱིས།།འཇིག་རྟེན་སྐྱབས་མེད་གྱུར་ལ་རྣམ་ལྔས་ནས།།འགྲོ་ཀུན་དོན་བྱེད་པོ་ཡི་ཚུལ་འདི་ནི།།སྡུག་བསྔལ་གསུམ་གྱི་སྡུག་བསྔལ་གྲུར་བལྟས་ནས།།གུས་པ་ཆེན་པོས
267a3 ཁྱེད་ཀྱིས་བླང་བར་བྱའོ།།འཇིག་རྟེན་རྣམ་རྟོག་ཞི་བར་བྱ་ཕྱིར་རྟོག་པ་འདི།།སངས་རྒྱས་ཐམས་ཅད་ཀྱིས་ནི་རབ་ཏུ་གསུངས།།དཔལ་ལྡན་གྲུ་འཛིན་རི་ལཾ་འཇམ་དཔལ་དང་།།པདྨ
267a4 བསྣམས་དང་རྒྱལ་བར་བྱེད་པ་དང་།།སྒྲིབ་པ་རྣམ་ས་ལ་བློ་གྲོས་རྒྱ་མཚོ་དང་།།བྱམས་པ་ལ་སོགས་ཚགས་རྣམས་ཐམས་ཅད་ཀྱིས།།གང་ཡང་ཆོས་ཀྱི་ཚིག་འདི་ཐོས་གྱུར་ནས།།རྫསུ
267a5 ཡི་རང་སྤྱི་བོས་གུས་ཕྱག་བྱས།།རྒྱལ་བའི་སྲས་ཀྱིས་མངའ་བྱས་བསྟོད་པ་འམ།།ཡང་ན་གླུ་དང་དབྱངས་དག་བྱས་པ་ཡིས།།སྣ་ཚོགས་གར་གྱིས་འདི་ནི་མཆོད་པ་བྱས།།གནོད་སྦྱིན
267a6 སྲིན་པོ་ཡི་དགས་འཇིག་རྟེན་དང་།།སྣ་ཚོགས་བུ་མོ་དང་ནི་རྒྱུ་སྐར་དང་།།ས་ཡི་དབང་དང་ལག་ན་རྡོ་རྗེ་དང་།།རློབས་རྣམས་སྣ་ཚོགས་ཅན་གང་གནས་པ་ཡི།།ཀླུ་ཡི་བུ་མོ་ཟུར
267a7 གྱིས་ལྟ་བས་བལྟ་བ་དང་།།ས་འོག་སྦྱོང་དང་ལྷ་དབང་གྲུབ་པའི་བུ་མོས་མཚད།།དྲི་ཟའི་རྒྱལ་མོ་ནུ་མ་ཤིན་ཏུ་རྒྱས་པ་དང་།།རེག་པ་འཛིན་དང་མི་འམ་ཅི་ཡི་ཆུང་མ་དང་།།
iiif viewer powered by OpenSeadragon
266b - 267b