e-texts navigator
Collection
Volume
Page
Wylie

186b1 འཚལ་ལོ།།འདི་ལྟར་ཆོས་དབྱིངས་པཀྱིལ་འཁོར་དྲི་མོད་སུ་ལ་འཇམ་དཔལ་གྱིས་ནི་དགེ་དུང་མི་དགེ་བས།།སངས་རྒྱས་པ་དང་མུ་སྐྱེགས་པ་དྲུག་ལྷ་རྣམས་དང་ནི་དམྱལ་བ་ཉིད་ཅེ།
186b2 གང་ཐོབ་པ།།རྒྱལ་མཆོག་ཕོ་བྲང་ཤཾ་བྷ་ལར་གྲགས་ཀྲོལ་པ་རུ་ངག་གི་དབང་ཕྱུག་སངྒེ་ཡི།།གདྲན་ལ་བཞུགས་ནས་རྒྱལ་པོས་རྒྱུད་ཀྱི་རྒྱལ་པོ་སླར་ཡང་ཐུབ་པ་རྣམས་ལ
186b3 གསལ་བར་བསྟན།།བྱུང་གྱུར་ཞེས་སོགས་བདེན་ཏེ་ལྷ་མཆོག་བླ་མ་ཁྱབ་འཇུག་ལྷ་ཡི་དབང་ཕྱུག་ལྷ་ཡི་དབང་པོ་དང་།།ཟླ་བ་ཉི་མ་སྒྲ་གཅིན་མོ་ལྷ་ས་སྟེངས་ལྷ་ཡུལ་ནམཁའང
186b4 བསོད་ནམས་སྡིག་ལས་འབྱུང་།།མི་རྣམས་ཕ་རོལ་སྲིད་པར་ཡི་དགས་དམྱལ་བ་གང་ཞིག་བཀག་པ་ཤཱ་ཡི་དམ་ཚིག་ཅན།།རིག་བྱེད་པ་དང་ཐོད་པ་ཅན་གྱི་རྒྱུད་ཀྱི་སྡིག་པའི་བྱ་བ་དེ་ནི།
186b5 བརྫུན་པ་སྟེ།།གང་དུ་གཅན་ཆེན་བདུན་ལ་སོགས་པ་དགེ་དང་མི་དགེའི་དབང་གིས་བྲམ་ཟེ་རྣམས་ཀྱང་དེར།།སྐྱེས་ལ་སྔར་གྱི་ལུས་པོ་སྤངས་ནས་ལུས་གཞན་བསམ་པོས་ངེས།
186b6 པར་འཛིན་པར་འགྱུར་བ་ནི།།ཐུབ་པ་ཤེད་བུའི་ཚིག་ལས་སྲོག་ཆགས་རྣམས་ཀྱི་གསོང་བྱེད་ཟ་བའི་མཐར་ཐུག་བརྒྱད་དུ་འགྱུར།།ཤ་ཟོས་པ་ལས་བྲམ་ཟེ་རྣམས་ཀྱང་ལྷ་ལྷས་ས།
186b7 སྦྱངས་འདིར་ཥྚང་དེ་ནི་བདེན་པ་སྟེ།།བཟང་པོ་ཚངས་པ་དབང་ཕྱུག་ཁྱབ་འཇུག་རྣམས་ཀྱི་རིགས་བྱེད་ཞི་ཆོས་ཁྱབ་འཇུག་ཆོས་བླ་མ།།ཤ་ཡི་ཁ་ཟས་བཀག་ལེ་ཤ་ཡི་དམ་ཚིག




iiif viewer powered by OpenSeadragon

186a - 187a

Texts on this page

N364 - mchog gi dang po'i sangs rgyas las phyung ba rgyud kyi rgyal po dpal dus kyi 'khor lo zhes bya ba