e-texts navigator
Collection
Volume
Page
Wylie

95a1 སོགས་པ་བྱ་རྣམ་པ་སྣ་ཚོགས་དག་ཀྱང་གནས་པ་མཐོང་ནས།རྒྱལ་བུས་བཙུན་མོ་ལ་ཡང་འདི་སྐད་ཅེས་སྨྲསོ།།རི་འདི་ལ་བལྟས་ན།ཤིང་དང་།ཚལ་གནམ་ལ
95a2 རེག་པ་ཙམ་དུ་སྐྱེས་ན་ཡང་།བརྔས་པ་འམ།བཅད་པ་མེད་པས།ཆུ་མིག་ཞིམ་པོ་ལ་འཐུང་ཞིང་།འབྲས་བུ་མངར་བ་ཟ་བ་སྟེ།རི་འདི་ལ་སྒོམ་པ་དག་ཡོད་པས།འདིར་གནས
95a3 པར་བྱའོ།།རྒྱལ་བུ་རི་དེ་ལ་ཕྱིན་པ་དང་།རི་དེ་ལ་གནས་པའི་འདབ་ཆགས་བྱ་དང་།གཅན་ཟན་དང་།རི་དགས་ཐམས་ཅད་རབ་ཏུ་དགའ་ནས།རྒྱལ་བུ་བསུ་སོ།།དེའི་ཚེ་རིལ་སྒོམ་པའི
95a4 དགེ་སློང་ཨ་ཙུ་ཏཱ་ཞེས་བྱ་བ།ལོ་ལྔ་བརྒྱ་ལོན་པ།ཡོན་ཏན་མཆོག་དང་ལྡན་པ་ཞིག་གནས་ཏེ།རྒྱལ་བུ་དེའི་དྲུང་དུ་སོང་ནས།ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་ནས།འདི་སྐད
95a5 ཅེས་སྨྲསོ།།རི་འདྲི་ལ་གང་ཕྱོགས་ན་འབྲས་བུ་དང་ཆུ་མིག་བཟང་པོས་ལྡན་པ་གནསུ་རུང་བ་ཅི་ཡོད་ཅེས་དྲིས་པ་དང་། ཙུ་ཏས་སྨྲས་པ།རི་འདི་གནས་ཐམས་ཅད་དུ།བསོད་ནམས
95a6 དང་ལྡན་པའི་ས་གཞི་ཡིན་པས་གང་དུ་གནས་ཀྱང་རུང་སྟེ།རི་འདི་ནི་ཤིན་ཏུ་དབེན་པོའི་གནས་གཙང་བ་ཡིན་པས་ན།ཅི་རྒྱལ་བུ་ཁྱོད་ཆུང་མ་དང་བུ་སྨད་དུ་བཅས་ཏེ།ཆོས་སློབ་དུ
95a7 འོངས་སམ།དེ་ལ་རྒྱལ་བུས་སྨྲས་མ་ཁོམ་པར།བཙུན་མོ་མན་ཏས་སྨྲས་པ།དགེ་སློང་ལ་འདི་སྐད་ཅེས་སྨྲསོ།།བཙུན་པ་རི་ལོ་ལམ་བསྒོམས་ནས་ཅི་སྲིད་ཅིག་ལོན།དགེ་སློང




iiif viewer powered by OpenSeadragon

94b - 95b

Texts on this page

N338 - 'phags pa rgyal bu don grub kyi mdo