e-texts navigator
Collection
Volume
Page
Wylie

91b1 གིས་སྦྱིན་པ་མ་འོས་པ་ཞིག་བྱས་ཏེ།རྒྱལ་པོའི་བང་མཛོད་ཀྱང་སྟོངས།བལ་གླང་རིན་པོ་ཆེ་ཡང་དགྲ་ཟླ་ལ་བྱིན་ཞེས་རྒྱལ་པོ་དང་བློན་པོ་རྣམས་ཁྲོས་ནས།བདག་སྤངས་པ་ཡིན་ནོ།།བཙུན་མོ
91b2 མན་ཏེ་སྨྲས་པ།རྒྱལ་པོའི་ཡུལ་དུ་ལོ་ལེགས་པ་དང་།རྒྱལ་པོ་ཆེན་པོ་དང་།བློན་པོ་དང་།འབངས་ཀྱིས་བར་དུ་བདེ་སྐྱིད་པ་དང་།ལོངས་སྤྱོད་ཆེ་བར་སྨོན་ལམ་ལེགས་པར་བཏབ་ལ།
91b3 བདག་ཅག་རི་ལ་སྒོམ་དུ་འདོང་ངོ་།།རྒྱལ་བུས་སྨྲས་པ།བཞིན་བཟངས་རི་ནི་འཇིགས་པའི་གནས་ཡིན་ཏེ།ཤིན་ཏུ་བྱ་དཀའ་བ་བསམ་དགོས་ལ།སེང་གེ་དང་སྟག་ལ་སོགས་པ་གཅན
91b4 ཟན་མ་རུངས་པ་ཡོད་པས།རབ་ཏུ་འཇིགས་ན་ཁྱེད་ནི་ལོངས་སྤྱོད་མང་བ་ཡིན་པས།ཁྱོད་དེ་ལྟ་བུ་བདག་ལ་བཟོད་དམ།ཁྱོད་ཕོ་བྲང་གི་ནང་ན་གོ་སུ་ནི་ཕྲ་བ་དང་འཇམ་པ་གྱོན་པ།གནསུ་ནི
91b5 གུར་དང་ཡོལ་བས་བསྐོར་བ་ན་འདུག།ཟསུ་ནི་ཅི་ལ་དགའ་བོ་བཞིན་ཞིམ་པ་དང་མངར་བ་ལ་ཟ་ན།རི་ལ་ནི་སྟན་དུ་ནི་ཌཱི་དངས།ཟསུ་ནི་འབྲས་བུ་ཟན།ཁྱོད་དེ་ལ་མོས་ཤིང་དགའ་བ་ཅི
91b6 ཞིག་ཡོད།དེ་མ་ཡིན་པ་གཞན་ཡང་རླུང་དང་ཆར་པ་དང་འབྲུག་དང་སེར་བ་ཆེ་ཞིང་བ་མོ་དང་ཟིལ་པས་མིའི་སྤུ་ཡང་ལངས་པ་ཙམ་དུ།གྲང་བའི་ཚེ་ན་ནི་གྲང་རབ་ལ།ཚ་བའི་ཚེ་ན་ནི་ཆ
91b7 རབ་སྟེ།ཤིང་གི་གསེབ་ན་འདུག་པའི་གན་སུ་ཡང་མི་རུང་ན།ས་ལ་གཟེ་མ་དང་།གསེག་མ་དང་།རྡོ་བ་ཡང་མང་ཞིང་།སྦྲུལ་གདུག་པ་ཡང་ཡོད་ན།ཁྱོད་དེ་ལྟ་བུ་དག་བཟོད་དང་།




iiif viewer powered by OpenSeadragon

91a - 92a

Texts on this page

N338 - 'phags pa rgyal bu don grub kyi mdo