| | e-texts navigator
|
594b1 འདིའི་ཁ་རུ་བཅུག་པས་ན།།བདག་ནི་ཁྱེད་ལ་སྐྱབསུ་མཆི།།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་ཉི་མའི་ཆེད་དུ།ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ་ཚིག་སུ་བཅད་པ
594b2 བཀའ་སྩལ་པ།།སངས་རྒྱས་འཇིག་རྟེན་ལ་བརྩེ་བས།།དགྲ་བཅོམ་དེ་བཞིན་གཤོགས་པ་ལ།།ཉི་མ་སྐྱབས་སོང་བས་ན།།སྒྲ་གཅན་འཛིན་གྱིས་ཉི་མཐོང་།།གང་ཞིག་མུན
594b3 བ་སྣང་བས་གསལ་བར་བྱེད།།རྣམ་སྣང་དྲག་པོའི་གཟི་བརྗིད་དཀྱིལ་འཁོར་ཅན།།ན་མཁའི་ཉི་མ་སྒྲ་གཅན་སྒྲིབ་མ་བྱེད།།ཉི་མ་འདི་ནི་སྒྲ་གཅན་གྱིས་ཐོང་ཤིག།དེ་ནས་ལྷ་མ
594b4 ཡིན་གྱི་དབང་པོ་སྒྲ་གཱཅན་འཛིན་གྱིས་ལྷའི་བུ་ཉི་མ་གྲོལ་བར་བྱས་ནས།སྔར་གྱི་གཟུགས་བཞིན་དུ་གང་སུ་ཞིག་གིས་ལྷ་མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱི་དྲུང་དུ་སོང་ཞིང
594b5 སོང་ནས།སེམས་མི་དགའ་ཞིང་ཡི་མུག་པས་བ་སྤུ་ལངས་པར་གྱུར་ཏེ།ཕྱོགས་གཅིག་ཏུ་འདུད།།ཕྱོགས་ག་ག་ཏུ་འདུག་ནས།ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་འཛིན་ལ།ལྷ
594b6 མ་ཡིན་གྱི་དབང་པོ་ཐགས་བཟང་རིས་ཀྱིས་ཚིག་སུ་བཅད་པ་སྨྲས་པ།ཅི་ཕྱིར་ཡིད་ནི་སྐྲག་པར་གྱུར།།སྒྲ་གཅན་འཛིན་གྱིས་ཉི་མཐོང་།།གཟུགས་ཀྱི་རྣམ་འགྱུར་ཀུན་ཏུ་ངན།།
594b7 ཅི་ཕྱིར་འཇིགས་པས་འདི་རུ་ལྷགས།།དེས་སྨྲས་པ།སངས་རྒྱས་ཚིགས་བཙོད་ཐོས་ནས་ནི།།བདག་གིས་ཉི་མ་མ་བཏང་ན།།མགའོ་ཚལ་པ་བདུན་འགས་ཤིང་།།འཚེ་བ་ལ་ན
iiif viewer powered by OpenSeadragon
594a - 595a