| | e-texts navigator
|
584a1 གི་བཏུང་བའི་རྣམ་པར་སྨིན་པའོ།།ཆང་འཐུང་བ་ནི་སྤངས་པ་ཡིས།།སྐྱེས་པ་འམ་ནི་བུད་མེད་ནི།།ཐོབ་སྐྱེ་དེའི་ཕན་ཡོན་ནི།།སུམ་ཅུ་རྩ་དྲུག་མི་དམུན་པར།།འདས་དང་།
584a2 མ་འོངས་པའི་དུས།།ད་ལྟར་བྱུང་བ་ཅུང་ཟད་དུ།།མྱུར་དུ་ཤེས་པར་འགྱུར་བ་དང་།།རྟག་ཏུ་སྨོན་པ་གནས་པ་དང་།།དེ་ནི་སྨྱོ་བར་མི་འགྱུར་ཞིང་།།ཁྱད་པར་འཕགས་པའི་ཤེས་རབ་དང་།།
584a3 མི་རྨོངས་པ་དང་བག་ཡོད་དང་།།ཚིག་ནི་ཤིན་ཏུ་གིསལ་བ་དང་།།ངོ་ཚ་ཤེས་ཤིང་ཚིག་ནི་གསལ།།དེ་ནི་ལོག་པར་སྨྲ་མི་འགྱུར།།ཕྲ་མ་དང་ནི་ཚིག་རྩུབ་མེད།།དོན་མེད་པ་ལ་མི
584a4 བསྟོད་ཅིང་།།ཉིན་དང་མཚན་དུ་དེ་བཞིན་དུ།།བྱས་པ་ཤེས་ཤིང་བྱས་པ་ཚོར།།འདོད་མེད་གཏོང་དང་ཚུལ་ཁྲིམས་ལྡན།།ཁྲོ་བ་མེད་ཅིང་ཚིག་ནི་དྲང་།།འཇིགས་པ་མེད་ཅིང་རྣམ
584a5 པར་མཁས།།ངོ་ཚ་ཁྲེལ་ཡོད་ཕུན་སུམ་ཚོགས།།འཇིགས་པ་དང་ནི་དོགས་པ་མེད།།ཡིད་གཞུང་ཐོས་པ་འཛིན་པ་དང་།།དོན་ཡོད་སྐྱེ་བོ་མང་ནང་མཁས།།ཆང་གི་བཏུང་བ་སྤུངས
584a6 པ་ཡིས།།སྐྱེས་པ་འམ་ནི་བུད་མེད་ཀྱིས།།ཕན་ཡོན་འདི་རྣམས་མྱོང་བར་འགྱུར།།ལྷ་རྣམས་དང་ནི་མི་རྣམསུ།།དེའི་ལུས་ཞིག་ནས་ཤི་བོའི་ཕ་རོལ་ཏུ་བདེ་འགྲོ་མཐོ་རིས་ལྷའི་འཇིག་རྟེན
584a7 དང་མཐོ་རོསུ་སྐྱེའོ།།ཚུལ་ཁྲིམས་འདི་རྣམས་བསྲུང་བར་བྱའོ།།འདི་གང་ཟག་གོང་སུ་དག་སྐྱེས་པ་འམ་བུད་མེད་ཀྱིས་ཚུལ་ཁྲིམས་བསྲུང་བར་མི་བྱེད་པ་དང་།བསྒོམ་པར་མི་བྱེད་ན
iiif viewer powered by OpenSeadragon
583b - 584b