e-texts navigator
Collection
Volume
Page
Wylie

583b1 ཡང་སྲོག།བྲང་སྲོག།རྒྱུ་མུ་སྲེག།།སྙིང་ཡང་སྲེག།།བཱ་ཤང་ལམ་ནཱ་མར་འཐུན་བྱེད།།དེ་རྣམས་ཀྱིས་སྡུག་བསྔལ་མྱོང་བར་བྱེད་ཅིང་།དུལ་འདྲེ་བར་བྱེད་དོ།།དེའི་དུས་ཡང་འཆི་བོར་ནི
583b2 མི་འགྱུར་ཏེ།ཇི་སྲིད་ཀྱི་བར་དུ་སྡིག་པའི་ལས་ཀྱི་འབྲས་བུ་མྱོང་བར་བྱེད།།དེ་སྲིད་དུ་དེ་རྣམས་ཀྱིས་རྣམ་པར་སྨིན་པའི་ཚོར་བ་མྱོང་བར་བྱེད་དོ།།དེའི་ཕྱིར་བཅོམ་ལྡན་འདས་ཀྱིས
583b3 བཀའ་སྩལ་པ།ཆེ་ཞིང་རྩུབ་པའི་ཆུ་བོ་ནི།།རབ་མེད་ཤིན་ཏུ་དགྲོད་པོར་དཀའོ།།ལྕགས་ཀྱི་པདྨའི་འདབ་མ་རྣམས།།འདབ་མ་རྣོ་བའི་སྟོང་དུ་འགྲོ།ཆུ་བོ་རབ་མེད་གཞི་མེད་པར།།
583b4 ཆོས་མི་ནི་ཇི་ལྟར་སྤྱོད་པར་འགྱུར།།གང་ཞིག་ཆང་འཐུང་བ་དེ་ནི་སྡིག་པ་ཆུང་བ་མ་ཡིནོ།།དེ་མིར་གྱུར་ཀྱང་རྟག་ཏུ་བརྗེད་ངས་པ་དང་།ལུག་ལྟར་ལྐུགས་པ་དང་།ཤེས་རབ་འཚལ
583b5 པ་དང་།རིག་པ་མི་ཤེས་པ་དང་།རྟག་ཏུ་གཉིད་དུ་འགྲོ་བ་དང་།བློ་གྲོས་དམན་པ་དང་།གཏི་མུག་ཆེ་བ་དང་།འཇིགས་པ་དང་།སྐྲག་པར་འགྱུར་བ་དང་།དོགས་པར་འགྱུར་བ་དང་།།
583b6 ཕྱཝ་མ་ཅན་དང་།ཚིག་མི་བརྟན་པ་དང་།སེར་སྣ་ཙཱན་དང་།ཕྲག་དོག་ཅེན་དང་།ངེས་པར་མི་འབྱུང་བ་དང་།ངོ་ཚ་མེད་པ་དང་།ཁྲེལ་མེད་པ་དང་།ཤེས་རབ་ཆུང་བ་དང་།དགེ་བའི
583b7 ཆོས་རྣམས་མི་རེག་པ་ཏེ།སྐྱེ་བ་ལྔ་བརྒྱར་གནི་དེ་སྦྱིན་སྐྱེ།སྐྱེ་བ་ལྔ་བརྒྱར་ཁྱི་དང་ནི།།མཐའ་ཡས་སྨྱོན་པར་སྐྱེ་བར་འགྱུར།།ཚང་འཐུངས་པའི་ཉེས་པའོ།།མྱོས་པར་འགྱུར་བའི་ཆང




iiif viewer powered by OpenSeadragon

583a - 584a

Texts on this page

N353 - bslab pa lnga'i phan yon gyi mdo