| | e-texts navigator
|
583a1 ཞེས་བྱ་བ་དོན་མེད་པར་བྱེད་པའོ།།འཇིག་རྟེན་སླུ་བར་བྱེད་དོ།།སྐྱེ་བ་གཞན་དུ་མར་མནར་མེད་པའི་དམྱལ་བར་སྐྱེ་བར་འགྱུརརོ།།དེའི་ཕྱིར་འཚོ་བའི་སླད་དུ་བརྫུན
583a2 དུ་སྨྲ་བར་མི་བྱའོ།།ཐམས་ཅད་མཁྱེན་པ་སངས་རྒྱས།བྱང་ཆུབ་སེམས་དཔའ་སྒྲིབ་པ་དང་བཅས་པའི་དུས་ནའང་ཕྲ་མ་ནི།ཡུང་བའི་ཁ་དོག་ལྟར་ཡུན་རིང་པོར་མི་གནསོ།།ཕུབ་མའི
583a3 ཕུང་པོའི་སྟེང་དུ་ཕུར་པ་གཅུགས་ནི་ཡུན་རིང་དུ་མི་གནས་པ་བཞིན།།རྟའི་རྒྱབ་ཏུ་ཤིང་ཐོག་རིལ་བུ་བཞག་ན་ཡུན་རིང་དུ་མི་གནས་པ་བཞིན་དུ།སྨྲས་པའི་ཚིག་ལ་རལ་གྲིས་སྐེ
583a4 འབྲེག་པའི་ཚེ་ཚིག་གཉིས་མི་སྨྲ་བ་བཞི་ནོ།།བདེན་པ་ཡུན་རིང་པོར་སྨྲས་པས་དགེ་སྦྱོང་དང་བྲམ་ཟློས་ཕ་རོལ་ཏུ་སྒྲོལ་བར་བྱེད།།ཆང་འཐུངས་པ་ནི་ཚ་བའི་དམྱལ་བར་ལྟུང་ཞིང
583a5 སྐྱེ་བར་འགྱུར་རོ།།དེར་ལྷུང་བའི་སེམས་ཅན་ནི་ལོ་སྟོང་ཕྲག་མང་པོར་འཚེད་པར་འགྱུརརོ།།དེ་ནས་ཕྱིར་ཕྱུང་ནས་ཆུ་བོ་རབ་མེད་ཀྱི་ངོགས་སྦྱར་བར་བྱེད།།གང་དུ་འགྲོ་ས་མེད་པར
583a6 ཡིང་དང་ཡང་དུ་སྐྱེལ་བར་བྱེད་དོ།།དེར་དམྱལ་བ་བསྲུངས་མ་རྣམས་ཀྱིས་མཆི་ལྔ་པས་ཉ་འདོན་པ་ལྟར།ལྕགས་བསྲེགས་ཀྱི་ས་གཞི་ལ་རྡེབས་པར་བྱེད།།འདི་ལྟར་སྒྱོགས
583a7 ཏེ།ཀྱེ་སྐྱེས་བུ་ཙི་འདོད།ཇོ་བོ་སྐོམ།།དམྱལ་བའི་སྲུངས་མ་དེས་ལྕགས་འབར་བའི་ལྕགས་ཀྱུས་ཁ་ཕྱེ་སྟེ་ལྕགས་བཞུ་བའི་ཁུ་བ་ལྡུགས་པར་བྱེད།།ད་ལ་དེའི་མཆུ་སྲེག།མགྲིན་པ
iiif viewer powered by OpenSeadragon
582b - 583b