e-texts navigator
Collection
Volume
Page
Wylie

582a1 མཚོན་ཆུ་འབར་བ་སྣ་ཚོགས་པ་བླངས་ནས་ལྕགས་བསྲེགས་ཀྱིས་གཞོ་ལ་དམྱལ་བའི་སེམས་ཅན་ཅིག་གིས་ཅིག་འབྱུད་པ་དང་།འབར་བའི་ཐིག་ནག་།
582a2 འདེབས་པ་དང་།འབར་བའི་མཚོན་ཆུ་བཟུང་ནས་ཡང་དག་པར་བསྐུར་བ་དང་།ཞིབ་མས་འཚག་པ་བཞིན་དུ།སྟེའུ་དང་དགྲ་སྟས་འཇོགས་པ་དང་།དེ་རྣམས་ཀྱིས་སྒྲ་ཆེན
582a3 པོ་སྒྲོགས་ཏེ།ངུ་ཞིང་གནསོ།།རང་གི་ཁྲག་འཐུང་ཞིང་ནང་དུ་དེར་གནས་པ་དེ་ཐིག་ནག་སྟེ་བརྫུན་དུ་སྨྲས་པས་སྐྱེའོ།།དེར་སྡུག་བསྔལ་དྲག་པ་དང་།རྩུབ་པ་དང་།ཚ་བའི་ཚོར
582a4 བམྱོང་བར་འགྱུརརོ།།དགེ་སློང་དག་བརྫུན་དུ་སྨྲ་བ་ནི་སྦྲུལ་དུག་ཅན་དང་འདྲ་བར་ཡིད་ལ་བྱེད།དེས་སྩོག་བསྔལོ་མང་པོ་བྱེད།།དམྱལ་བར་འཇུག་པ་དང་།ཡི་དགས་ཀྱི་ཡུལ
582a5 དུ་འཇུག་པ་དང་།དུང་འགྲོའི་སྐྱེ་གནསུ་སྐྱེ་བར་འགྱུརརོ།།གང་ཞིག་བརྫུན་དུ་སྨྲ་བ་ནི།རྣམ་པར་སྨིན་པ་ཆེན་པོའི།དེ་མིར་སྐྱེས་ཀྱང་སྙིང་རྗེ་མེད་པ་དང་།སྐད་བྱ་རོག་གི་དང
582a6 འདྲེ་བ་དང་།ལྕེ་མི་བདེ་བ་དང་།སོ་ལ་སྲིན་འབྱུང་བ་དང་།ཁ་དྲི་མ་ཞིམ་པ་དང་།སོ་མི་སྙོམས་པ་དང་།ཚིག་རྩུབ་པ་དང་།གློ་བ་འཛེར་བ་དང་།མཆུ་མི་བདེ་བ་དང་།
582a7 ཕྲག་དོག་དང་བཅས་པ་དང་།རྟག་ཏུ་སྲེད་པ་དང་ལྡན་པ་དང་།དེ་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་ཐིག་ནག་ཏུ་སྐྱེ་བར་འགྱུརརོ།།དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ




iiif viewer powered by OpenSeadragon

581b - 582b

Texts on this page

N353 - bslab pa lnga'i phan yon gyi mdo