e-texts navigator
Collection
Volume
Page
Wylie

581b1 དང་།རང་གི་ཁྱོ་ལ་ཉེ་བར་མི་བསྟན་པ་དང་།རང་གི་ཁྱོལ་མི་བརྩི་བ་དང་།རང་གི་ཁྱོའི་ཕུང་པོ་ལ་མི་འདུད་པ་དང་།རང་གི་ཁྱོའི་སྲིང་མོ་རྣམས་ལ་གནོད་པར་བྱེད་པ་དང་།གཞན་ཡང
581b2 ལག་པ་དང་།རྐང་པ་དང་།རྒྱབ་ལ་ལས་སུ་བྱ་བ་མི་བྱེད་པ་དང་།བཟའ་བ་དང་།བཏུང་བ་གང་འདོད་པ་མི་སྟེར་པོ་དང་།དེ་རྣམས་ལ་ངོ་ཚ་དང་ཁྲོལ་དུ་མི་བྱེད་པ་དང་།རང
581b3 བི་ཁྱོ་བོ་ལ་ཀློག་པར་བྱེད་པ་དང་།བསྐུར་པ་བཏབ་ན་དམྱལ་བར་སྐྱེ་བར་འགྱུརརོ།།ལྕགས་བསྲེགས་ཀྱི་ས་གཞིའི་སྟེང་དུ་ཉལ་བ་དང་།འབར་བའི་ལྕགས་ཀྱི་ཁ་རུ་བཅུག་ནས་མཆིལ
581b4 པས་ཉལ་བྱ་བ་བཞིན་དུ།ལྕེའི་རྩེ་མོ་ཕྱི་རོལ་ཏུ་ཕྱུང་སྟེ།ཐག་པས་བཅིངས་ནས་ཕྱི་རོལ་ཏུ་འདུན་ཏོ།།དེ་ལྟར་ཕྱི་རོལ་ཏུ་གཏོན་པ་ལ།ལྕེའི་རྩེ་མོ་ལ་མཚོན་ཆས་བརྒྱབ་པའི
581b5 གནསུ་མཚོ་རང་ལ་སྐྱེས་པའི་སྲིན་འབུ་ཚོན་པོས་ཟའོ།།དེ་ལྟར་ཟོས་པས་ཅུང་ཟད་ཀྱང་སྨྲ་བར་མི་ནུས།།དེ་ལྟར་དེ་ནི་དེ་ལ་ལོ་སྟོང་ཕྲག་དུ་མར་འཚེད་པར་འགྱུརརོ།།བཙེས་ནས
581b6 ཡང་དམྱལ་བ་ཆེན་པོར་ལྷུང་བར་འགྱུར།།དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གང་ཞིག་བུད་མེད་སྐྱེས་པ་འདོད།།སྐྱེ་བ་སྐྱེ་བར་ཡང་དང་ཡང་།།ལྷ་དང་ལྷ་མོ་ཇི
581b7 བཞིན་དུ།།རང་གི་ཁྱོ་ནི་སྤང་མི་བྱ།།བརྫུན་དུ་སྨྲས་པས་སླར་ཡང་ཐིག་ནག་ཏུ་སྐྱེ་བར་འགྱུརརོ།།དེར་ཡང་དམྱལ་བའི་བསྲུངས་མོ་རྣམས་ཀྱིས་སྒྲ་ཆེན་པོའི་ཚིག་སྒྲོགས་ཤིང་།




iiif viewer powered by OpenSeadragon

581a - 582a

Texts on this page

N353 - bslab pa lnga'i phan yon gyi mdo