| | e-texts navigator
|
581a1 འརྣམ་པར་ན་པག།ལོག་པར་གསོམ་པ་སྣངས་པ་སོ།།སྤྲོས་པ་ས་ན་གྲད་མྱེད་ཀྱིས།།ཐོབ་པར་འགྱུར་ན་ཡིན་ན།།དོན་ཏན་ཤུ་མ་དངན།
581a2 པ།དེ་ལ་དགུན་མེད་པ་དང་།།འཇིག་རྟེན་ཐམས་ཅད་དགའ་བ་དང་།།བཟའ་དང་བཏུང་བ་རྙེད་པར་བླ།།གོས་དང་སྟན་དང་གནས་རྣམས་དང་།།བདེ་བར་ཉལ་དང་བདེ་བ
581a3 འདུག།དེ་ནི་བདེ་བར་ལྡང་བ་དང་།།ངན་སོང་འཇིགས་ལས་རྣམ་པར་གྲོལ།།མྱ་ངན་མེད་དང་འཇིགས་པའང་མེད།།ནད་རྣམས་ཐམས་ཅད་དེ་ལ་མེད།།མྱི་ནང་བུད་མེད་དུ་ནི
581a4 སྒྱིང་ཅུང་ཟད་གང་ནི་དོན་གཉེར་འདོད།།དེའི་འདོད་པ་གྲུབ་པར་འགྱུར།།ཕན་ཚུན་དུ་ནི་མཛའ་བ་དང་།།གཞན་ནི་མི་དགའ་དེ་ལ་མེད།།དབང་པོ་ཀུན་ནི་ཚང་བ་དང་།།དག
581a5 བོའི་མཚན་ཉིད་ཡང་དག་ལྡན།།མི་བཟོད་ཆུང་དང་དོགས་པ་མེད།།སྐྱེས་པ་བུད་མིད་དོགས་མེད་དོ།།ལོག་པར་གཡེམ་པ་སྤངས་པ་ཡི།།སྐྱེས་པ་འམ་ནི་བུད་མྱེད་ཀྱིས།
581a6 ཕན་ཡོན་འདི་ནི་མྱོང་བར་འགྱུར།།ལྷ་འམ་ཡང་ན་མི་རྣམས་ཀྱིས།།དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་མཐོ་རིས་དང་ལྷའི་འཇིག་རྟེན་དུ་བད་འགྲོར་སྐྱེ་བར་འགྱུ་རོ།།གང
581a7 ཞིག་སྐྱེས་པ་འདོད་པ་ཡིས།།སྐྱེ་བ་ཡང་དང་ཡང་དུ་ནི།།བུད་མེད་གཞན་ལ་འགྲོ་མ་བྱ།།སེམས་ཀྱི་དྲི་མ་བཀྲུ་བའོ།།བུད་མེད་གང་ཞིག་གིས་གྱོས་རྒྱུག་ལོ་ཉེ་བ་དེ་མི་བསྙེན་པ
iiif viewer powered by OpenSeadragon
580b - 581b