e-texts navigator
Collection
Volume
Page
Wylie

580b1 ལ་ལོག་པར་གཡོམ་པ་ནི།སྦྲུལ་དུག་ཅན་དང་འདྲ་བར་བལྟ་བར་བྱའོ།།དམྱལ་བར་འཇུག་པ་དང་།ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་།དུད་འགྲོའི་སྐྱེ་གན་སུ་སྐྱེ་བར་འགྱུརརོ།།གང
580b2 ཞིག་འདོད་པ་རྣམས་ལ་ལོག་པར་གཡེམ་པའི་རྣམ་པར་སྨིན་པོ་ནི་ཤིན་ཏུ་ཆེན་པོའོ།།དེ་མིར་སྐྱེས་ཀྱང་།སྡུག་བསྔལ་ཆེན་པོ་མྱོང་བར་འགྱུརརོ།།དེའི་ཕྱིར་བཅོམ་ལྡན་འདས
580b3 ཀྱིས་བཀའ་སྩལ་པ།སྐྱེ་བ་ལྔ་བརྒྱར་བུད་མེད་འགྱུར།།དེ་བཞིན་དུ་ནི་མ་ནིང་འགྱུར།།སྐྱུག་བྲོའི་མཛེ་ཅན་ཡིད་ཡང་འགྱུར།།ལོག་པར་གཡེམ་པའི་ཉོས་པའོ།།སྐྱེ་བ་དུ་མར
580b4 བར་འཚེ་བ་དང་།།དགྲ་མོང་བར་འགྱུར་བ་དང་།མི་འཛའ་བ་དང་རྟག་ཏུ་ལྷན་ཅིག་ཏུ་གནས་པར་འགྱུར་བ་དང་།ཉལ་བ་དང་ལྡང་བའི་ཚེ་སྡུག་བསྔལ་དང་བཅས་པ་དང
580b5 དུས་རྟག་ཏུ་ཁྲོ་བ་དང་།མིས་གནོད་པར་བྱེད་པ་དང་།རྟག་ཏུ་ལུས་རྒུར་བར་འགྱུར་བ་དང་།།འོན་པ་དང་།སྐྱེ་བ་ནས་སྐྱེ་བར་དམུ་ལོང་དགོས་པར་འགྱུརརོ།།རྣམ་པར་འགྱུར་བར
580b6 ངེས་པ་དང་།རྟག་ཏུ་སེམས་མི་དགའ་བོར་འགྱུར་བ་དང་།ཕན་ཚུན་དུ་འཐབ་པ་ལ་དགའ་བ་དང་།དགའ་བོའི་སེམས་དང་འབྲལ་བར་འགྱུརརོ།།དེ་ལུས་ཞིག་ནུས་ཤི་བའི་ཕ
580b7 རོལ་ཏུ་ངུ་འབོད་ཆེན་པོའི་དམྱལ་བར་ལྟུང་ཞིང་སྐྱེ་བར་འགྱུར།དེར་ཡ་པ་དེ་ལ་སྡུག་བསྔལ་དྲག་པ་དང་།རྩུབ་པ་དང་།ཚ་བ་ཉམ་སུ་མྱོང་བར་འགྱུར།།འདོད་པ་ལོག་པར་གཡེམ




iiif viewer powered by OpenSeadragon

580a - 581a

Texts on this page

N353 - bslab pa lnga'i phan yon gyi mdo