| | e-texts navigator
|
580a1 ལའི་ནགས་དཔག་ཚད་བརྒྱད་ཅུ་གྱེན་དུ་མཉམ་ཞིང་མཐོ་བ།ཚེར་མ་སོར་བཅུ་དྲུག་པ་ཡུལ་གྲཝ་རྣམས་ཐུར་ལ་འཕྱང་བ།ལུས་པོ་རྒྱང་གྲགས་བཅུ་གཉིས་དང
580a2 ལྡན་ཞིང་ལུས་ལ་མེ་གྱེན་དུ་འབར་བ།དཔག་ཚད་དྲུག་ཅུར་གྱེན་དུ་འགྲོ་ཞིང་དེ་ལ་རྟག་ཏུ་སྣ་ཚོགས་པའི་མཚོན་གྱིས་ཕན་ཚུན་དུ་བསོད་ཅིང་།དེ་ནི་ཤཱ་ལ་མ་ལའི་ཤིང་གི་ནགས
580a3 ལ་ཤོན་ནོ།།ལོ་སྟོང་ཕྲག་མང་པོར་ཤིང་གི་ཚེར་མ་ལ་འཛགོ།གཞན་ཡང་དམྱལ་བའི་བསྲུང་མ་རྣམས་ཀྱིས།མཚོན་བླངས་ནས་རྒྱབ་པས་ངུ་ཞིང་མགོ་ཐུར་ལ་བསྟན་ནས
580a4 ལྷུང་།ལྷུང་བའི་དུསུ་ལྕགས་བསྲེགས་ཀྱི་ས་གཞིར་གསལ་ཤིང་བཙུགས་པོ་རྣམས་ལ་ལྷུངངོ་།།དེ་རྣམས་བཤང་ལམ་ནས་འཐོན་པས།དེ་རྣམས་ཀྱིས་སྡུག་བསྔལ་མྱོང
580a5 པར་འགྱུར་རོ།།རྒྱུན་ཏུ་ངུ་ཞིང་དཔག་ཚད་དྲུག་ཅུ་པའི་ལྕགས་ཀྱི་བུམ་པ་ན་བསྐལ་པ་གཅིག་ཏུ་སྡོད་དོ།།མེ་མངག་གིས་ཡོངསུ་གང་བར་དམྱལ་བའི་བསྲུངས་མ་རྣམས་ཀྱིས
580a6 ཁར་ལྡུག་སོ།།དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།རི་ནག་རྩེགས་པ་མཉམ་ཞིང་མཐོ།།ཤིང་ནི་ཚེར་མར་བཅས་པ་དང་།།ལྕགས་ཀྱི་ཚེར་མ་རྣོན་པོ་ཡིས།།།
580a7 འཇིག་རྟེན་མི་ལ་བདོ་བ་མེད།།ཤིང་གི་རྩེ་མོར་གནས་པ་ཡིས།།དུས་ཀྱི་ཆུང་མས་ཅི་ཞིག་བྱ།།དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།དགེ་སློང་དག་འདོད་པ་རྣམས
iiif viewer powered by OpenSeadragon
579b - 580b