e-texts navigator
Collection
Volume
Page
Wylie

579b1 ན་པ་དང་།།གཟུགས་དྲན་ཉེ་བྱུང་འཚོ་བ་དང་།།རགས་དྲན་དུ་ན་སྐྱ་བ་ནི།།མ་བྱིན་ལེན་པའི་ཉེས་པའོ།།མ་བྱིན་པར་ལེན་པའི་རྣམ་པར་སྨིན་པའོ།།མ་བྱོན་ལན་པ་སྤངས་པ་ཡིས།།
579b2 སྐྱེས་པའམ་ནི་བུད་མེད་ནི།།ཐོབ་པར་འགྱུར་ཏེ་ཕན་ཡོན།།ཡོན་ཏན་ཉི་ཤུ་མི་དམན་པར།།རྟག་ཏུ་འབྲུ་ནི་མེང་བ་དང་།།མཐའ་ཡས་ལོངས་སྤྱོད་ཕུན་སུམ་ཚོགས།།སྔར་མེད་པ
579b3 ནོ་རབ་ཏུ་འཕེལ།།འདོད་པ་རྣམས་ནི་བརྟན་པ་དང་།།གཟུགས་སྒྲ་རོ་དང་དྲི་དང་ནི།།རེག་བྱ་རྣམས་ནི་ཡིད་དུ་འོང་།།དོན་དུ་གཉེ་བ་ཐམས་ཅད་ལ།།བསམ་པ་ཐམས་ཅད་མྱུར་དུ་འགྲུབ།
579b4 དེ་ལ་རྒྱལ་པོ་ཆེན་པོ་ཆོམ་རྐུན་དང་།།མི་མཛའ་བ་ཡིས་མི་འཕྲོགས་དང་།།མེའམ་ཡང་ནི་ཆུ་དང་ནི།།དེ་རྣམས་ཀྱིས་ནི་འཚོ་མི་འགྱུར།།འདི་འདྲ་བ་ཡིས་ལོངས་སྤྱོད་ལྡན།།གང
579b5 ཞིག་སྟར་དང་ཟ་བ་ལ།།མེད་ཅེས་པ་ནི་འབྱུང་མི་འགྱུར།།རྟག་ཏུ་བདེ་བར་གནས་པ་དང་།།མ་བྱིན་ལེན་པ་སྤངས་པ་ཡིས།།སྐྱེས་པ་འམ་ནི་བུད་མེད་ལ།།ཐོབ་པར་འགྱུར་ཏེ་ཕན
579b6 ཡོན་ནོ།།ལྷ་རྣམས་དང་ནི་མི་རྣམས།།དེ་ལུས་ཞིག་ཅིང་ཤི་ནས།བདེ་འགྲོ་མཐོ་རས་དང་ལྷའི་འཇིག་རྟེན་དུ་ཉེ་བར་སྐྱེའོ།།འདོད་པ་རྣམས་ལ་ལོག་པར་གཡེམ་པས་ནི་འཚོ་བའི་འཇིག
579b7 རྟེན་འདིར་འདོད་པར་བྱེད་པ་ནི།དེའི་ལུས་ཞིག་ནས་ཤི་བའི་ཕ་རོལ་ཏུ་ངུ་འབོད་ཆེན་པོར་སྐྱེ་ཞིང་ལྷུང་པོར་འགྱུར་རོ།།དེ་ནས་ཕྱི་རུ་ཆུ་བོ་རབ་མེད་ཀྱི་ངོགས་གཉིས་སུ།།ཤཱལ་མ




iiif viewer powered by OpenSeadragon

579a - 580a

Texts on this page

N353 - bslab pa lnga'i phan yon gyi mdo