| | e-texts navigator
|
579a1 བུ་ག་དགུ་ནས་མི་འབྱུང་ཞིང་ལུས་བསྲེག་གོ།འདི་ནི་ངུ་བའི་ངུ་འབོད་དོ།།དུ་བའི་དུ་འབྱོད་ནི་སེམས་ཅན་དམྱལ་བ་རྣམསུ་འཚེད་དོ།།བུ་ག་དགུ་ནུས་དུ་བ་འཚུབ
579a2 ཅིང་འབྱུང་།།ཇི་ལྟར་ཟན་འཚེད་པ་ལྟར་ལུས་འཆད་དོ།།སེམས་ཅན་གཉིས་ཀ་མྱ་ངན་གྱི་སྒྲ་ཆེན་པོ་སྒྲོགསོ།།དེ་དག་ནི་དེར་སྡུག་བསྔལ་དྲག་ཅིང་རྩུབ་པ་དང་ཚ་བི་མྱོང་བར་འགྱུརོ།།།
579a3 མ་བྱིན་པར་ལེན་པ་ནི་དགེ་སློང་དག་སྦྲུལ་དུག་ཅན་འདྲ་བར་བལྟ་བར་བྱའོ།།དམྱལ་བར་འཇུག་པ་དང་།ཡི་དགས་ཀྱི་ཡུལ་དུ་འཇུག་པ་དང་།དུད་འགྲོའི་སྐྱེ་གན་སུ་སྐྱེ་བར་འགྱུར།།
579a4 གང་ཞིག་མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་ནི་ཤིན་ཏུ་ཆེན་པོའོ།།མིར་སྐྱེས་ཀྱང་ལོངས་སྤྱོད་རྣམས་ཉམས་པར་འགྱུར་བ་དང་།མ་བྱིན་པར་བླངས་པའི་སེམས་ཅན་གྱི
579a5 ལག་ཏུ་དངོས་པོ་ཅུང་ཟད་ཀྱང་འཆགས་པར་མི་འགྱུརརོ།།བཟའ་བ་དང་།བཏུང་བ་དང་།གོས་དང་།སྟན་ལ་སོགས་པ་རྙེད་དཀའ་བར་འགྱུར་བ་དང་།རྒྱུན་མི་འཆད་པར
579a6 ཟུག་རྔུ་ཅན་དང་།གཞན་སྡང་བ་དང་།འཚེ་བར་འགྱུརརོ།།གང་དང་གང་རྙེད་པ་དེ་དང་དེ་ནི་ཉམས་པར་འགྱུརརོ།།བཞན་གྱིས་ལོངས་སྤྱོད་པར་འགྱུརརོ།།གང་འདོད་པའི་ལོངས།
579a7 སྤྱོད་ནི་རྙེད་དཀའ་བར་འགྱུར།དངོས་པོ་ཡོད་པ་རྣམས་འཕེལ་བར་མི་འགྱུར།།བདེ་བ་དང་འབྲལ་བར་འགྱུར།།དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ།འདིར་ནི་དབུལ་དང
iiif viewer powered by OpenSeadragon
578b - 579b