e-texts navigator
Collection
Volume
Page
Wylie

578a1 ལུས་ལ་བུག་པ་འབུགས་པར་བྱེད་དོ།།རྣམ་པ་ལྔ་ཡིས་བཅང་ཞེས་པས་ལས་བྱེད་ཅིང་བྱེད་ལ།དམྱལ་བའི་སེམས་ཅན་དེ་ཡང་དང་ཡང་དུ་འཚོ་བས་ན་ཡང
578a2 སོ་སུ་སྐྱེའོ།།དེ་རྣམས་དེ་ལ་ཡང་སོས་ཀྱི་སྡུག་བསྔལ་དྲུག་པ།།རྩུབ་པ།ཚ་བ་འཇོམས་ཤིང་འཇོམས་ལ་གང་ཞིག་ལོ་ཐམས་ཅད་ལྕི་ཞིང་སྲོག་བཅད་པའི་རྣམ་པར་སྨིན་པ
578a3 དེའོ།།དེ་མིར་སྐྱེས་ཀྱང་ཚེ་ཐུང་བར་འགྱུར་རོ།།དབང་པོ་ཡོངསུ་མ་ཚང་བར་འགྱུར།གཟུགས་ངན་པ་དང་།ཤེས་རབ་འཆལ་པ་དང་།རྟག་ཏུ་སྐྲག་པ་དང་།།རྟག་ཏུ
578a4 ཁྲོ་བ་དང་།ནད་དང་བཅས་པ་དང་།མྱ་ངན་དང་བཅས་པ་དང་།དགའ་བ་དང་འབྲེལ་བ་དང་།ཐམས་ཅད་དང་འབྲལ་བ་དང་།རྟག་ཏུ་ཡུན་རིངས་དུ་འབྲལ་བར་འགྱུརརོ།།དེའི
578a5 ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།སྐྱེ་བ་ལྔ་བརྒྱར་ཡི་དགས་དང་།།ཉེ་སྦྲུལ་རི་དྭགས་འུག་པ་དང་།།མ་ཧེ་ཁྱི་དང་ཝ་རྣམས་ནག།།སྲོག་བཅད་པ་ཡི་ཉེས་པའོ།།
578a6 འདི་ནི་སྲོག་བཅད་པའི་རྣམ་པར་སྨིན་པའོ།།སྲོག་གཅོད་པ་ནི་སྤངས་པ་ཡིས།།སྐྱེ་བ་ལྔ་ནི་བུད་མེད་ལུས།།ཐོབ་པར་འགྱུར་ཏེ་ཕན་ཡོན་ནི།།ཡོན་ཏན་ཉི་ཤུ་མི་དམན་པར།།
578a7 ཡན་ལག་ཉིད་ལག་ཕུན་སུམ་ཚོགས།།ལུས་ནི་ཤེད་དང་ལྡན་པ་དང་།།རིགས་བཟང་པོར་ནི་མྱུར་དུ་སྐྱ།།ཡན་ལག་གཙང་ཞིང་འཇམ་པ་དང་།།ཚེ་རིང་པོ་དང་བདེ་བ་དང་།།




iiif viewer powered by OpenSeadragon

577b - 578b

Texts on this page

N353 - bslab pa lnga'i phan yon gyi mdo