| | e-texts navigator
|
577a1 ཁྱིམ་བདག་ལས་འདོད་པ་ལོག་པར་གཡེམ་པའི་སེམས་མ་སྐྱེསོ།།ལུས་ཀྱི་སྐྱོན་མ་བྱུང་བ་གང་ལས་བཙུན་པ་བཅོམ་ལྡན་འདས་མཐོང་བའི་ཆོས་འདི་ལ་ཕན་ཚུན
577a2 དུ་མཐོང་།།སྐྱེ་བ་གཞན་དུ་ཕན་ཚུན་དུ་མཐང་བར་བདག་འདོད་དོ།།དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།ཁྱིམ་བདག་དང་ཁྱིམ་བདག་མོ་གཉིས་པོ་ལ་འདོད་པ་ཡོད
577a3 པར་གྱུར་པསོ།།མཐོང་བའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་བར་གྱུར་ཏོ།།སྐྱེ་བ་གཞན་དུ་མཐོང་བར་འགྱུརརོ།།གཉིས་པོ་དག་དད་པ་མཉམ་པ་དང་ཚུལ་ཁྲིམས་མཉམ་པ་དང
577a4 གཏོང་བ་མཉམ་པ་དང་།ཤེས་རབ་མཉམ་པ་རྣམས་ཀྱིས་མཐོང་བའི་ཆོས་འདི་ལ་ཕན་ཚུན་དུ་མཐོང་བར་གྱུར་ཏོ།།སྐྱེ་བ་གཞན་དུ་མཐོང་བར་འགྱུརརོ།།ཡང་ཚིག་སུ་བཅད
577a5 པ་འདི་བཀའ་སྩལ་ཏེ།གཉིས་ཀ་དང་དང་ཆོས་ཚིག་དང་།།མཉམ་དང་ཆོས་ཀྱི་འཚེ་བ་དང་།།ཕན་ཚུན་དོན་དགའ་བའི་ཚིག།དེ་ལྟར་སྐྱེས་པ་བུད་མེད་གཅིག།ནོར་མང
577a6 དང་ནི་ལྡན་པ་དང་།།གནས་ནི་བཟང་པོར་སྐྱེ་བར་འགྱུར།།དགྲ་ནི་དེ་ལ་དགའ་བ་དང་།།གཉིས་ཀ་མཉམ་པའི་ཚུལ་ཁྲིམས་ཀྱིས།།འདི་ལྟར་ཆོས་ནི་སྤྱད་པ་དང་།།གཉིས་ཀ
577a7 ཚུལ་ཁྲིམས་ལྡན་པ་དང་།།འདོད་ཅིང་འདོད་པ་ཡི་རང་བས།།ལྷ་ཡི་གན་སུ་དགའ་བར་འགྱུར།།དེའི་ཕྱིར་བསླབ་པ་རྣམ་པ་ལྔ་པོ་བསྲུང་བར་བྱའོ།།འདི་ལྟ་སྟེ།སྲོག་གཅོད
iiif viewer powered by OpenSeadragon
576b - 577b